| | e-texts navigator
|
218b1 ཀླུ་རྒྱལ་པོ་རྔ་སྒྲའི་ཚིགས་སུ་བཅད་པ་རྫོགས་སྷོ།། ། ཡེ་དྷརྨ་ཧེ་ཏྲ་པྲ་བྷ་བཱ་ཧེ་དྲནྟེབྷཙྪ་ཐཱ་ག་ཏོ་ཧྱ་བ་དཏ། ཏེ་ཥཱ་ཉྩ་ཡོ་ནི་རོ་དྷ་ཨེ་བ~ཾ་བཱ་དཱི་མ་རཱ་ཤྲ་མ་ནཿ།། 96།། རྒྱ་གར་སྐད་དུ། ཨུ་དཱན་པ་ར་ག། བོད་སྐད་དུ།། ཆེད་དུ
218b2 བརྗོད་པའི་ཚམས་བམ་པོ་དང་པོ། ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ།། བཀྲ་ཤིས་པར་གྱུར་ཅིག། རྒྱལ་བས་ཆེད་ཏུ་བརྗོད་གསུངས་པ།། བདག་གིས་རབ་ཏུ་བཤད་པར་བྱ།། གཉིད་དང་མུགས་པ་རྣམས་སོལ་ལ། ཡིད
218b3 པ་ཡང་ལྡན་པ་། རྣ་ག་ད་། ག་ས། ལ་མྱེ་།
218b4 ཅན་ཡིན།། སྐྱེས་ནས་འཇིག་པར་འགྱུར་བ་སྟེ།། དེ་དག་ཉེ་བར་ཞིབ་བདེ།། དེ་ལྟར་རབ་ཏུ་འབར་བ་ལ།། ཅི་ཞིག་དགར་ཡོད་མགུར་ཅི་ཡོད།། མུན་པའི་ནང་ཞུགས་གནས་པ་དག། ཅི་ཕྱིར་སྒྲོན་མ་ཚོལ་མི་བྱེད།། རུས་པ་ཐི་བའི
218b5 མེདོག་འདྲ་བ། ། བར་བ་གང་ཡིན་འདི་དག་ནི།། ཕྱོགས་དང་ཕྱོགས་སུ་རྣམ་འཐོར་བ།། དེ་མཐོང་འདི་ལ་ཅི་ཞིག་དགའ།། གང་གི་ཞུབ་མོ་ཁོ་ན་ནས།། མངལ་དུ་དང་པོར་འཇུག་པའི་མི།། དེ་ནི་སྡོད་མེད་འགྲོ་འགྱུར་ཞིང་།། སོང་བ་ལས
218b6 ཀྱང་ལྡོག་པ་མེད། ། སྔ་དྲོ་སྐྱེ་བོ་མང་མཐོང་བ།། ཕྱི་དྲོ་ཁ་ཅིག་མཐོང་མི་འགྱུར།། ཕྱི་དྲོ་སྐྱེ་བོ་མང་མཐོང་བ།། སྔ་དྲོ་བ་ཅིག་མཐོང་མི་འགྱུར།། སྐྱེས་པ་བུད་མེད་མང་པོ་དང་།། དར་ལ་བབ་པའང་འཆི་འགྱུར་ན།། ད་ལ་མི་འདི་གཞོན་ཞེས
218b7 ཏེ། ། གསོན་པའི་རྗེང་དྲོད་ཅི་ཞིག་ཡོད།། ཁ་ཅིག་མངལ་དུ་འཆི་བར་འགྱུར།། དེ་བཞིན་ཁ་ཅིག་བཙས་པའི་སར།། དེ་བཞིན་ཁ་ཅིག་འགོག་ཙམ་ན། དེ་བཞིན་ཁ་ཅིག་ཡོངས་རྒྱུ་གནས་ལ་ལ་རྒན
218b8 དང་ལ་ལ་གཞོན། ། ལ་ལ་དར་ལ་བབ་པའི་མི།། རིམ་གྱིས་རབ་ཏུ་འགྲོ་འགྱུར་ཏེ།། འབྲས་བུ་སྨིན་པ་སྲུང་བ་བཞིན།། དཔེར་ན་འབྲས་བུ་སྨིན་པ་རྣམས།། ལྟུང་བས་རྟག་ཏུ་འཇིགས་པ་ལྟར།། དེ་བཞིན་སྐྱེས་པར་གྱུར་པའི་མི།
iiif viewer powered by OpenSeadragon
218a - 219a