| | e-texts navigator
|
205b1 ཞོག། ནུབ་ཀྱི་བ་ལང་སྤྱོད་ཀྱི་གླིང་ལྟ་འང་ཞོག། བྱང་གི་སྒྲ་མི་སྙན་གྱི་གླིང་ལྟ་ཡང་ཤོག་སྟེ།། ཀུན་དགའ་བོ་ལྷའི་དབང་པོ་བརྒྱ་བྱིན་གྱི་ཁང་བཟང་རྣམ་པར་རྒྱལ་བྱེད་ཅེས་བྱ་བ་ཡོད་དེ། དེ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དད་པ་གང་ལ་ལཞིན
205b2 གིས་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་དུ་བྱས་ཏེ། རྒྱུན་དུ་ཞུགས་པ་རྣམས་དང་། ལན་ཅིག་ཕྱིར་འོང་བ་རྣམས་དང་ཕྱིར་མི་འོང་བ་རྣམས་དང་དགྲ་བཅོམ་པ་རྣམས་དང་རང་སངས་རྒྱས་རྣམས་དང་ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ
205b3 བྲལ་བ་བ། ། གང་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་འཇིམ་པ་ལས་སྦྱ་རུ་རའི་འབྲས་བུ་ཙམ་བྱས་ལ་ཁབ་ཙམ་གྱི་སྲོག་ཤིང་བཙུགས
205b4 ཤུག་གི་ལོ་མ་ཙམ་གྱི་གདུགས་གསོལ་ནས་ནས་ཀྱི་འབྲུ་ཙམ་གྱི་སྐུ་གཟུགས་བྱས་ལ་ཡུངས་འབྲུ་ཙམ་གྱི་རིང་བསྲེལ་བཙུག་ན་དེ་ནི་དེ་བས་ཆེས་བསོད་ནམས་ཆེའོ་ཞེས་ང་སྨྲའོ། ། ཀུན་དགའ་བོ་འཛམ་བུའི་གླིང་ལྷ་ཡང་ཞོག། ཤར་གྱི་ལུས
205b5 འཕགས་ཀྱི་མིང་ལྟ་ཡང་ཞོག། རབ་ཀྱི་པ་ལང་སྤྱོད་ཀྱི་གླིང་ལྟ་ཡང་ཤོག། བྱང་ག་སྒྲ་མི་སྙན་གྱི་གླིང་ལྟ་ཡང་ཞོག། ལྷའི་དབང་པོ་བརྒྱ་བྱིན་གྱི་ཁང་བཟང་རྣམ་པར་རྒྱལ་བྱེད་ཅེས་བྱ་བ་ལྟ་ཡང་ཞོག་སྟེ། ཀུན་དགའ་བ་སྲུང་གསུམ་གྱི་སློ
205b6 ཆེན་པོའི་འཇིག་རྟེན་གྱི་ཁམས་ཡོད་དེ། དེ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དད་པ་གང་ལ་ལ་ཞིག་གིས་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་དུ་བྱས་ཏེ། རྒྱུན་ཏུ་ཞུགས་པ་རྣམས་དང་ལན་ཅིག་ཕྱིར་འོང་བ་རྣམས་དང་ཕྱིར་མི་འོང་བ་རྣམས
205b7 དང་དགྲ་བཅོམ་པ་རྣམས་དང་རང་སངས་རྒྱས་རྣམས་དང་ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་ཕུལ་བ་བས། གང་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་ཐ
205b8 མཆོད་རྟེན་འཇིམ་པ་ལས་སྐྱུ་རུ་རའི་འབྲས་བུ་ཙམ་བྱས་ལ་ཁབ་ཙམ་གྱི་སྲོག་ཤིང་བཙུགས་ཏེ། རྒྱ་ཤུག་གི་ལོ་མ་ཙམ་གྱི་གདུགས་བྱས་ནས་ནས་ཀྱི་འབྲུ་ཙམ་གྱི་སྐུ་གཟུགས་བྱས་ལ་ཡུངས་འབྲུ་ཙམ་གྱི་རིང་བསྲེལ་བཅུག་ན་དེ་ནི་དེ
iiif viewer powered by OpenSeadragon
205a - 206a