e-texts navigator
Collection
Volume
Page
Wylie

205a1 གྲུབ་པ་དེ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དད་པ་གང་ལ་ལ་ཞིག་གིས་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་དུ་བྱས་ཏེ། རྒྱུན་དུ་ཞུགས་པ་རྣམས་དང་ལན་ཅིག་ཕྱིར་འོང་བ་རྣམས་དང་ཕྱིར་མི་འོང་བ་རྣམས་དང་དགྲ་བཅོམ་པ
205a2 རྣམས་དང་རང་སངས་རྒྱས་རྣམས་དང་ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་ཕུལ་བ་བས། གང་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད
205a3 རྟེན་འཇིམ་པ་ལས་སྐྱུ་རུ་རའི་འབྲས་བུ་ཙམ་བྱས་ལ་ཁབ་ཙམ་གྱི་སྲོག་ཤིང་བཙགས་ཏེ། རྒྱ་ཤུག་གི་ལོ་མ་ཙམ་གྱི་གདུགས་གསོལ་ནས། ནས་ཀྱི་འབྲུ་ཙམ་གྱི་སྐུ་གཟུགས་བྱས་ལ། ཡུངས་འབྲུ་ཙམ་གྱི་རིང་བསྲེལ་བཅུག་ན་དེ་ནི་དེ
205a4 བས་ཆེས་བསོད་ནམས་ཆེའོ་ཞེས་ང་སྨྲའོ། ། ཀུན་དགའ་བོ་འཛམ་བུའི་གླིང་ལྟའང་ཞོག། ཤར་གྱི་ལུས་འཕགས་ཀྱི་གླིང་ལྟའང་ཞོག། ནུབ་ཀྱི་བ་ལང་སྤྱོད་ཀྱི་གླིང་ལྟའང་ཞོག་སྟེ། ཀུན་དགའ་བོ་བྱང་གི་སྒྲ་མི་སྙན་ཅེས་བྱ་བའི་གླིང
205a5 ཡོད་དེ། ཆུང་ནི་དཔག་ཚད་ཁྲི། རྒྱར་ཡ་དཔག་ཚད་ཁྲི་སྟེ། ཀུན་ནས་གྲུ་བཞི་ལྡམ་པར་གྲུབ་པ་དེ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དང་བ་གང་ལ་ལ་ཞིག་གིས་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་དུ་བྱས་ཏེ། རྒྱུན་དུ་ཞུགས་པ་ན
205a6 དང་ལན་ཅིག་ཕྱིར་འོང་བ་རྣམས་དང་། ཕྱིར་མི་འོང་བ་རྣམས་དང་དགྲ་བཅོམ་པ་རྣམས་དང་། རང་སངས་རྒྱས་རྣམས་དང་། ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་ཕུལ་བ་བས། གང་གིས་དེ་བཞིན་གཤེགས་པ་དགྲ་བ
205a7 པ་ཡང་དག་པའི་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་འཇིམ་པ་ལས་སྥུ་རུ་རའི་འབྲས་བུ་ཙམ་བྱས་ལ་ཁབ་ཙམ་གྱི་སྲོག་ཤིང་བཙུགས་ཏེ། རྒྱ་ཤུག་གི་ལོ་མ་ཙམ་གྱི་གདུགས་གསོལ
205a8 ནས་ནས་ཀྱི་འབྲུ་ཙམ་གྱི་སྐུ་གཟུགས་བྱས་ལ་ཡུངས་འབྲུ་ཙམ་གྱི་རིང་བསྲེལ་བཅུག་ན་དེ་ནི་དེ་བས་ཆེས་བསོད་ནམས་ཆེའོ་ཞེས་ང་སྨྲའོ། ། ཀུན་དགའ་བོ་འཛམ་བུའི་གླིང་ལྟའང་ཞོག། ཤར་གྱི་ལུས་འཕགས་ཀྱི་གླིང་ཝཱའ




iiif viewer powered by OpenSeadragon

204b - 205b

Texts on this page

Q985 - 'phags pa rmad du byung ba zhes bya ba chos kyi rnam grangs