| | e-texts navigator
|
204b1 བཞིན་དུ་བྱས་ཏེ། རྒྱུན་དུ་ཞུགས་པ་རྣམས་དང་ལན་ཅིག་ཕྱིར་འོང་བ་རྣམས་དང་། ཕྱིར་མི་འོང་བ་རྣམས་དང་དགྲ་བཅོམ་པ་རྣམས་དང་རང་སངས་རྒྱས་རྣམས་དང་། ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་ཕུལ་བ་བས་གང
204b2 གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་འཇིམ་པ་ལས་སྐྱུ་རུ་རའི་འབྲས་བུ་ཙམ་བྱས་ལ་ཁབ་ཙམ་གྱི་སྲོག་ཤིང་བཙུགས་ཏེ། རྒྱ་ཤུག
204b3 གི་ལོ་མ་ཙམ་གྱི་གདུགས་གསོལ་ནས་ཀྱི་འབྲུ་ཙམ་གྱི་སྐུ་གཟུགས་བྱས་ལ། ཡུངས་འབྲུ་ཙམ་གྱི་རིང་བསྲེལ་བཅུག་ན་དེ་ནི་དེ་བས་ཆེས་བསོད་ནམས་ཆེའོ་ཞེས་ང་སྨྲའོ།། ཀུན་དགའ་བོ་འཛམ་བུའི་གླིང་ལྟ་ཞོག་གི། ཀུན་དགའ་བོ
204b4 ཤར་གྱི་ལུས་འཕགས་ཤེས་བྱ་བའི་གླིང་ཡོད་དེ་ཆུར་ནི་དཔག་ཚད་བརྒྱད་སྟོང་། རྒྱར་ཡང་དཔག་ཚད་བརྒྱད་སྟོང་སྟེ། ཀུན་ནས་ཟླ་གམ་ལྟ་བུར་གྲུབ་པ་དེ། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་རིན་པོ་ཆེ་སྣ
204b5 བདུན་གྱི་རང་བཞིན་དུ་བྱས་ཏེ། རྒྱུན་ཏུ་ཞུགས་པ་རྣམས་དང་། ལན་ཅིག་ཕྱིར་འོང་བ་རྣམས་དང་ཕྱིར་མི་འོང་བ་རྣམས་དང་དགྲ་བཅོམ་པ་རྣམས་དང་། རང་སངས་རྒྱས་རྣམས་དང་ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ
204b6 པ་ཧུལ་བ་བས་གང་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་འཇིམ་པ་ལས་སྐྱུ་རུ་རའི་འབྲས་བུ་ཙམ་བྱས་ལ་ཁབ་ཙམ་གྱི་སྲོག་ཤིང
204b7 བཙུགས་ཏེ། རྒྱ་ཤུག་གི་ལོ་མ་ཙམ་གྱི་གདུགས་གསོལ་ནས་ནས་ཀྱི་འབྲུ་ཙམ་གྱི་སྐུ་གཟུགས་བྱས་ལ་ཡུངས་འབྲུ་ཙམ་གྱི་རིང་བསྲེལ་བཙུག་ན་དེ་ནི་དེ་བས་ཆེས་བསོད་ནམས་ཆེའོ་ཞེས་ང་སྨྲའོ།། ཀུན་དགའ་བོ་འཛམ
204b8 བུའི་གླེང་ལྟའང་ཞོག། ཤར་གྱི་ལུས་འཕགས་ཀྱི་གླིང་ལྟའང་ཞོག་སྟེ། ཀུན་དགའ་བོ་ནུབ་ཀྱི་བ་ལང་སྤྱོད་ཅེས་བྱ་བའི་གླིང་ཡོད་དེ། ཆུར་ནི་དཔག་ཚད་དགུ་སྟོང་། ཞེད་ཡང་དཔག་ཚད་དགུ་སྟོང་སྟེ། ཀུན་ནས་ཟླ་བ་ཉ་བ་ལྟ་བ
iiif viewer powered by OpenSeadragon
204a - 205a