e-texts navigator
Collection
Volume
Page
Wylie

203b1 གདུགས་དང་རྒྱལ་མཚན་དང་བདན་བསྦེད་དང་གྱི་སྣ་ལྡི་མང་པོ་སྦྱངས་བཞིག་མཐོང་ནས། དེ་འདི་སྙམ་དུ་སེམས་ཏེ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དད་པ་གང་ལ་ལ་ཞིག་གིས་ཁང་པ་བརྩེགས་པ་འདིས་བུ་བྱས་ཏེ། ཕྱོགས་ཅན
203b2 དགེ་སློང་གི་དགེ་འདུན་ལ་ཕུལ་བ་དང་། གང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་འཇིམ་པ་ལུས་སྒྱུ་རུ་རའི་འབྲས་བཅུམ་བྱས་ལ། ཁ་བ་ཙམ་ཧཱུ~ཾ།
203b3 སྲོག་ཤིང་བཙུགས་ཏེ། རྒྱ་ཤུག་གི་ལོ་མ་ཙམ་གྱི་གདུགས་གསོལ་ནས། ནས་ཀྱི་འབྲུ་ཙམ་གྱི་སྐུ་གཟུགས་བྱས་ལ། ཡུངས་འབྲུ་ཙམ་གྱི་རིང་བསྲེལ་བཅུག་ན་དེ་གཉིས་ལས་བསོད་ནམས་ཤིན་དུ་ཆེ་བ་གང་ཡིན་སྙམ་མོ།། དེ་ཡང་འདི
203b4 སྙམ་དུ་སེམས་ཏེ། སྟོན་པ་ནི་བདག་གི་མངོན་སུམ་དུ་འགྱུར། བདེ་བར་གཤེགས་པ་ནི་བདག་གི་མངོན་སུམ་དུ་གྱུར་གྱིས། བཅོམ་ལྡན་འདས་ལ་བདག་གིས་དོན་འདི་ཉིད་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་བདག་ལ་ཇི་སྐད་བསྟན
203b5 བ་བཞིན་དུ་གཟུང་བར་བྱའོ་སྙམ་མོ། ། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་བླངས་ཏེ། ཟས་ཀྱི་བྱ་བ་བྱས་ནས་བསོད་སྙོམས་ཀྱི་ཟས་ཕྱི་མ་སྤངས་ཏེ། ཆོས་གོས་དང་ལྷུང་ཟེད་བཞག་ནས་རྐང་པ
203b6 བཀྲུས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་སོང་ནས་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ།། ཕྱོགས་གཅིག་ཏུ་འདུག་ནས་ཀྱང་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན
203b7 དགའ་བོས་འདི་སྐད་ཅེས་གསོལ་ཏོ། ། བཙུན་པ་བདག་འདིར་སྔ་དྲོའི་དུས་ཀྱི་ཚེ་ཆོས་གོས་དང་ཤམ་ཐབས་བགོས་ལྷུང་ཟེད་ཐོགས་ཏེ་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ཀྱི་སླད་དུ་ཞུགས་ཏེ། རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་དུ་མཐར
203b8 ཆགས་སུ་བསོད་སྙོམས་སྤྱོད་པའི་ཚེ་ཕྱོགས་ཤིག་ན་ཁང་པ་བརྩེགས་པ་ཆབ་སྒོ་བརྒྱད་བཅུ་མཆིས་ལ་བྱུགས་པས། བྱུགས་པ། གདུགས་དང་རྒྱལ་མཚན་དང་པ་དན་བསྒྲེང་བ། དར་གྱི་ལྡ་ལྡི་མང་པོ་སྤངས་པ་དག་མཐོང




iiif viewer powered by OpenSeadragon

203a - 204a

Texts on this page

Q985 - 'phags pa rmad du byung ba zhes bya ba chos kyi rnam grangs