e-texts navigator
Collection
Volume
Page
Wylie

196a1 པར་དག་པ་འདི་ནི་སྔོན་དགེ་བ་བཅུའི་ལས་ཀྱི་ལམ་དོམས་མི་མྱོང་བར་ཡང་དག་པར་སྤྱད་པས་མངོན་པར་གྲུབ་པའོ། ། དེ་བཞིན་གཤེགས་པའི་མགུར་དུང་ལྟ་བུ་འདི་ནི་སྔོན་ནད་པ་རྣམས་ལ་སྨན་སྣ་ཚོགས་བྱིན་པས་མངོན་པར་གྲུབ
196a2 པའོ། ། དེ་བཞིན་གཤེགས་པའི་འགྲམ་པ་སེང་གེའི་འདྲ་བ་འདི་ནི་སྔོན་དགེ་བའི་རྩ་བ་ཡོངས་སུ་རྫོགས་པར་བྱས་པས་མངོན་པར་གྲུབ་པའོ།། དེ་བཞིན་གཤེགས་པའི་ཚེམས་བཞི་བཅུ་མཉམ་པ་འདི་སྔོན་སེམས་ཅན་ལ་མཚུངས་པར་གནས
196a3 སྦྱར་བས་མངོན་པར་གྲུབ་པའོ། ། དེ་བཞིན་གཤེགས་པའི་ཚེ་མས་ཐགས་བཟང་པོ་འདི་ནི་སྔོན་སེམས་ཅན་བྱེད་པའི་སྡུམས་བྱས་པས་སོ།། དེ་བཞིན་གཤེགས་པའི་ཚེམས་ཤིན་དུ་དཀར་བ་འདི་ནི་སྔོན་ཡིད་དུ་འོང་བ་རབ་ཏུ་བྱིན་པས
196a4 སོ། ། ཚེམས་མཉམ་པ་ནི་སྔོན་ལུས་དང་། ངག་དང་། ཡིད་ལས་ཀུན་དུ་བསྲུངས་པས་གྲུབ་པའོ།། དེ་བཞིན་གཤེགས་པའི་ལྗགས་ཤིན་དུ་རིང་བ་འདི་ནི་སྔོན་བདེན་པའི་ཚིགས་ཡང་དག་པར་བསྲུངས་པས་གྲུབ་པའོ།། དེ་བཞིན་གཤེགས
196a5 པའི་རོ་བྲོ་བའི་མཆོག་དང་ལྡན་པ་འདི་ནི་སྔོན་བསོད་ནམས་ཚད་མེད་པས་བདག་ཉེ་བར་བསྟེན་ཅིང་གཞན་ལ་རབ་ཏུ་བྱིན་པས་གྲུབ་པའོ། ། དེ་བཞིན་གཤེགས་པའི་ཚངས་པའི་དབྱངས་དང་། བྱ་ཀ་ལ་བིང་ཀའི་སྒྲ་དབྱངས་འདི་ནི་སྔོན་སེམ
196a6 ཅན་ལ་ཚིག་འཇམ་པོ་སྨྲས་པ་དང་། ཀུན་དུ་དགའ་བའི་ཚིག་ཐོས་པར་བྱེད་པས་གྲུབ་པའོ།། དེ་བཞིན་གཤེགས་པའི་སྤྱན་མཐོན་ཐིང་འདི་ནི་སྔོན་བྱམས་པ་དང་ལྡན་པས་སེམས་ཅན་ཡང་དག་པར་བསྲུངས་པས་སོ།། སྤྱན་གྱི་རྫིམ་པའི
196a7 འདྲ་བ་འདི་ནི་སྔོན་བསམ་པ་བཅོས་མ་མ་ཡིན་པས་སོ། ། ལྤགས་པ་བསྲབ་པ་འདི་ནི་སྔོན་ཆོས་དག་པར་སྡུད་པ་པས་སུ་རུང་བས་མངོན་པར་གྲུབ་པའོ།། དེ་བཞིན་གཤེགས་པའི་ལྤགས་པའི་མདོག་གསེར་འདྲ་བ་འདི་ནི་སྔོན་མལ་ཆ་དང་།
196a8 གདིང་བ་དང་། གོས་ཡིད་དུ་འོང་བ་བྱིན་པས་མངོན་པར་གྲུབ་པའོ།། དེ་བཞིན་གཤེགས་པའི་སྤུའི་ཁུང་བུ་རེ་རེ་བ་འདི་ནི་སྔོན་འདུ་འཛི་ཡོངས་སུ་སྤངས་པས་མངོན་པར་གྲུབ་པའོ།། དེ་བཞིན་གཤེགས་པའི་སྤུ་གྱེན་དུ་གཡས་ཕྱོགས་སུ




iiif viewer powered by OpenSeadragon

195b - 196b

Texts on this page

Q983 - don rnam par nges pa zhes bya ba'i chos kyi rnam grangs