e-texts navigator
Collection
Volume
Page
Wylie

195b1 པའི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་ཉིད་པ་ཡངས་ཤིང་ཞབས་བྱིན་གྱིས་མཐོ་བ་འདི་ནི་སྔོན་སེམས་ཅན་གཞན་ལ་སྤུ་བསྐོང་བ་མ་བྱས་པས་མངོན་པར་སྒྲུབ་པའོ། ། དེ་བཞིན་གཤེགས་པའི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན
195b2 ཙ་སོར་མོ་རང་བ་འདི་ནི་སྔོན་སེམས་ཅན་རྣམས་ལ་ཆོས་ཀྱི་བསྲུང་བ་དང་། བསྐྱབ་པ་དང་སྦ་བ་བྱས་པས་མངོན་པར་གྲུབ་པའོ།། དེ་བཞིན་གཤེགས་པའི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་ཕྱག་དང་། ཞབས་དྲ་བས་འབྲེལ་བ་འདི
195b3 སྔོན་གཡོག་འཁོར་གྱི་དབྱེན་མ་བྱས་པས་མངོན་པར་གྲུབ་པའོ། ། དེ་བཞིན་གཤེགས་པའི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་ཕྱག་དང་། ཞབས་འཇམ་ཞིང་གཞོན་ཤ་ཆགས་པ་འདི་ནི་སྔོན་གོས་དམ་པ་སྣ་ཚོགས་རབ་ཏུ་བྱིན་པས
195b4 མངོན་པར་གྲུབ་པའོ། ། དེ་བཞིན་གཤེགས་པའི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་བདུན་མཐོ་བའི་སྐུ་དང་ལྡན་པ་འདི་ནི་སྔོན་བཟའ་བ་དང་། བཏུད་པ་རྒྱ་ཆེན་པོ་བྱིན་པས་མངོན་པར་གྲུབ་པའོ།། དེ་བཞིན་གཤེགས་པའི་སྐྱེས་བུ་ཆེན་པོའི
195b5 སྐྱེས་བུ་ཆེན་པོའི་མཚན་བྱིན་པ་རི་དགས་ཨེ་ནེ་ཡའི་ལྟ་བུ་འདི་ནི་སྔོན་སངས་རྒྱས་ཀྱི་ཆོས་ཡོངས་སུ་བཟུང་བས་མངོན་པར་གྲུབ་པའོ། ། དེ་བཞིན་གཤེགས་པའི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་མདོམས་ཀྱི་ལྔ་བ་ལྷུབས་སུ་ནུབ
195b6 པ་འདི་ནི་སྔོན་གསང་བའི་ཚིག་བསྲུངས་པ་དང་འཁྲིག་པའི་ཆོས་སྤངས་པས་མངོན་པར་གྲུབ་པའོ། ། དེ་བཞིན་གཤེགས་པའི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་རོ་སྟོད་སེང་གེའི་འདྲ་བ་འདི་ནི་སྔོན་དགེ་བའི་ལས་ཀུན་དུ་བསྲུངས་པས
195b7 མངོན་པར་གྲུབ་པའོ། ། དེ་བཞིན་གཤེགས་པའི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་ཐལ་གོང་རྒྱས་པ་འདི་ནི་སྔོན་དགེ་བའི་ཆོས་ཡང་དག་པར་སྤྱོད་པས་མངོན་པར་གྲུབ་པའོ།། དེ་བཞིན་གཤེགས་པའི་དཔུང་མགོ་ཤིན་དུ་ཟླུམ་པ་འདི་ནི
195b8 སྔོན་གཞན་དག་ལ་དབུགས་འབྱིན་པ་བྱིན་པས་མངོན་པར་གྲུབ་པའོ། ། དེ་བཞིན་གཤེགས་པའི་ཕྱག་མ་བཏུད་པར་བུས་མོ་སླེབས་པ་འདི་ནི་སྔོན་གཞན་ལ་བྱ་བ་ཅི་ཡོད་ཅེས་བྱ་བས་མངོན་པར་གྲུབ་པའོ།། དེ་བཞིན་གཤེགས་པའི་སྐུ་རྣམ




iiif viewer powered by OpenSeadragon

195a - 196a

Texts on this page

Q983 - don rnam par nges pa zhes bya ba'i chos kyi rnam grangs