e-texts navigator
Collection
Volume
Page
Wylie

195a1 པ་བཅཝ་བརྒྱད་དོ། ། དེ་ལ་དེ་བཞིན་གཤེགས་པའི་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་གང་ཞེ་ན། དེ་བཞིན་གཤེགས་པའི་སྐྱེས་བུ་ཆེན་པོའི་མཚན་ཞབས་ཤིན་ཏུ་གནས་པ་འདི་དང་། ཞབས་ཀྱི་འོག་གི་མཐིལ
195a2 གཉིས་འཁོར་ལོའི་མཚན་དང་ལྡན་པ་དང་། ཏིང་བ་ཡངས་ཤིང་ཞབས་བྱིན་གྱིས་འཐོབ་དང་། སོར་མོ་རིང་བ་དང་། ཕྱག་དང་ཞབས་དྲ་བས་འབྲེལ་བ་དང་། ཕྱག་དང་ཞབས་འཇམ་ཞིང་གཞོན་ཤ་ཆགས་པ་དང་། བདུན་མཐོ་བའི་སྐུ་དང་ལྡན་པ་དང་།
195a3 བྱིན་པ་རེ་དགས་ཨེ་ན་ཡའི་ལྟ་བུ་དང་། མདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་དང་། རོ་སྟོང་སེང་གེའི་འདྲ་བ་ཐལ་གོང་རྒྱས་པ་དང་། དཔུང་མགོ་ཤིན་དུ་ཟླུམ་པ་དང་། མ་བཏུད་པར་ཕྱག་སྤུས་མོ་སླེབས་པ་དང་། སྐུ་རྣམ་པར་དག་པ་དང་། མགུར
195a4 དུང་ལྟ་བུ་དང་། འགྲམ་པ་སེང་གེའི་འདྲ་བ་དང་། ཚེམས་བཞི་བཅུ་མཉམ་པ་དང་། ཚེམས་མཉམ་ཞིང་ཐགས་བཟང་བ་དང་། ཚེམས་ཤིན་དུ་དཀར་བ་དང་། ལགས་ཤིན་དུ་རིང་བ་དང་། རོ་བྲོ་བའི་མཆོག་དང་ལྡན་པ་དང་། ཚངས་པའི་དབྱངས
195a5 དང་། བྷཀ་ལ་བི་ཀའི་སྒྲ་དབྱངས་དང་། སྤྱན་མཐོན་ཐིང་དང་། སྤྱན་གྱི་རྫིམ་པའི་རྫིམ་འདྲ་བ་དང་། ལྤགས་པ་སྲབ་དང་ལྤགས་པའི་མདོག་གསར་འདྲ་བ་དང་། སུའི་ཁུང་བུ་རེ་རེ་བ་དང་། སཱ་རྐྱེན་དུ་གཡས་ཕྱོགས་སུ་འཁྱིལ་བ་དང་།
195a6 དབུསྐྲ་རིན་པོ་ཆེ་ཨན་དྷ་རཱལ་ལྟ་བུ་དང་། སྨིན་མཚམས་ཀྱི་སྒོའི་བར་གྱི་དཔྲལ་བའི་སྤུ་ཤིན་ང་དཀར་བ་དང་། དབུ་གཙུག་གཏོར་དང་ལྡན་པ་དང་། དེ་བཞིན་གཤེགས་པའི་སྐུ་ཤིང་ནྱ་གྲོ་དྷ་ལྟར་ཆུ་ཞི་དགབ་པ་དང་། ཀུན་དུ་མཛེས་པ་འདི
195a7 ནི་སྐྱེས་བུ་ཆེན་པོའི་མཚན་ཏེ། འདི་དག་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་སོ།། དེ་བཞིན་གཤེགས་པའི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་ཞབས་ཤིན་དུ་གནས་པ་འདི་ནི་སྔོན་ཡིད་དམ་ལ་བརྟེན་པས་མངོན
195a8 པར་གྲུབ་པའོ། ། དེ་བཞིན་གཤེགས་པའི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་ཞབས་ཀྱི་འོག་གི་མཐིལ་གཉིས་འཁོར་ལོའི་མཚན་དང་ལྡན་པ་འདི་ནི་སྔོན་སྦྱིན་པ་སྣ་ཚོགས་བསགས་པས་མངོན་པར་གྲུབ་པའོ།། དེ་བཞིན་གཤེས




iiif viewer powered by OpenSeadragon

194b - 195b

Texts on this page

Q983 - don rnam par nges pa zhes bya ba'i chos kyi rnam grangs