e-texts navigator
Collection
Volume
Page
Wylie

186b1 ཏིང་ངེ་འཛིན་བསྒོམ་པ་བཞི་གང་ཞེ་ན། དགེ་སློང་དང་ཏིང་ངེ་འཛིན་བསྒོམ་པ་ཀུན་དུ་བསྟན་ཏེ་བསྒོམས་ཤིང་མང་དུ་བྱས་ན་འདོད་ཆགས་སྤོང་བར་གྱུར་པ་ཡང་ཡོད། ཏིང་ངེ་འཛིན་བསྒོམས་པ་ཀུན་དུ་བསྟན་ཏེ་བསྒོམས་ཤིང་མང་དུ་བྱས་ན
186b2 མཐོང་བའི་ཆོས་ལ་བདེ་བར་གནས་པར་འགྱུར་བ་ཡང་ཡོད། ཏིང་ངེ་འཛིན་བསྒོམ་པ་ཀུན་དུ་བསྟན་ཏེ། བསྒོམས་ཤིང་མང་དུ་བྱས་ན་ཡེ་ཤེས་མཐོང་བ་འཐོབ་པར་འགྱུར་བ་ཡང་ཡོད།། ཏིང་ངེ་འཛིན་བསྒོམ་པ་ཀུན་དུ་བསྟན་ཏེ་བསྒོམས
186b3 ཤིང་མང་དུ་བྱས་ན་ཤེས་རབ་འཐོབ་པར་འགྱུར་བ་ཡང་ཡོད་དོ། ། དེ་ལ་ཏིང་ངེ་འཛིན་བསྒོམ་པ་ཀུན་དུ་བསྟེན་ཏེ་བསྒོམས་ཤིང་མང་དུ་བྱས་ན་འདོད་ཆགས་སྤོང་བར་འགྱུར་བ་གང་ཞེ་ན། དགེ་སློང་དག་འདི་ལ་དགེ་སློང་དགོན་པ་ན་བདག
186b4 ཀྱང་རུང་ཤིང་དྲུང་ན་འདུག་ཀྱང་རུང་། ཁང་སྟོང་ན་འདུག་ཀྱང་རུང་སྟེ། ལུས་འདི་ཉིད་ལ་འོག་གི་རྐང་མཐིལ་ཡན་ཅད་སྐྲ་དང་། གླང་བ་ལ་ཐུག་གི་བར་དུ་མི་གཙང་བ་རྣམ་པ་སྣ་ཚོགས་ཀྱིས་གང་བར་ཡང་དག་པ་ཇི་ལྟ་བ་བཞིན་སོ་སོར
186b5 རྟོག་སྟེ། ལུས་འདི་ལ་ཡོད་པ་ནི་སྐྲ་དང་། ཁ་སྤུ་དང་། སོ་དང་། སེན་མོ་དང་རྡུལ་དང་། དྲི་མ་དང་། ལྤགས་པ་དང་། ཤ་དང་། རུས་པ་དང་། རྒྱུས་པ་དང་། རྩ་དང་། མཁལ་མ་དང་། སྙིང་དང་། གློ་བ་དང་། མཆིན་པ་དང་། ཕོ་བ་དང་། ལོང་ཀ་དང་།
186b6 རྒྱུ་མ་དང་། གཉེ་མ་དང་། ལྒང་བ་དང་། མཚེར་བ་དང་། ཕྱི་ས་དང་། མཆི་མ་དང་། རྡུལ་དང་། དར་སྣབས་དང་། མཆིལ་མ་དང་། ཞག་དང་། ཆུ་སར་དང་། རྐང་དང་། ཚིལ་དང་། རྣག་དང་། བད་ཀན་དང་། མཁྲིས་པ་དང་། ཁྲག་དང་། གླང་བ་དང་།
186b7 གླེགླང་རྒྱས་དང་། གཅིན་དང་། མི་གཙང་བ་རྣམ་པ་སྣ་ཚོགས་ཀྱིས་གདབ་ཡང་དག་པ་ཇི་ལྟ་བ་བཞིན་སོ་སོར་རྟོག་གོ།། དགེ་སློང་དག་འདི་ལྟ་སྟེ། དཔེར་ན་འབྲུནམ་པ་སྣ་ཚོགས་འདི་ལྟ་སྟེ། འབྲས་ས་ལུ་དང་། འབྲ་དང་། ནས་དང་། གྲོ་དང་།
186b8 མིས་སྲན་གྲེའུ་དང་། མོན་སྲན་སྡེའུ་དང་། རྒྱ་སྲན་དང་། འབྲས་ནི་སོ་བ་པ་དང་། སྲན་ཆུང་དང་། མོན་སྲན་ནག་གུ་དང་། ཏིལ་དང་། འབྲས་དྲུས་པ་དང་། ཡུངས་དཀར་གྱིས་གང་བའི་སྦྱར་ཞིག་ཁ་གཉིས་ཕྱེ་བ་དེ་ལ་མིག་དང་ལྡན་པའི་མི




iiif viewer powered by OpenSeadragon

186a - 187a

Texts on this page

Q983 - don rnam par nges pa zhes bya ba'i chos kyi rnam grangs