| | e-texts navigator
|
183b1 གཟུགས་མེད་པའི་སྲིད་པ་གང་ཞེ་ན། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས་ནས་ཉེ་བར་བཟུང་སྟེ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས་ཀྱི་བར་འདི་ནི་གཟུགས་མེད་པའི་སྲིད་པ
183b2 ཞེས་བྱའོ། ། སྲིད་པའི་རྐྱེན་གྱིས་སྐྱེ་བ་ཞེས་བྱ་བ་ལ། སྐྱེ་བ་གང་ཞེ་ན། གང་སེམས་ཅན་དེ་དང་དེ་དག་སེམས་ཅན་གྱིས་རིས་དེ་དང་དེ་དག་ཏུ་སྨེ་བ་དང་། འཇུག་པ་དང་། རྫོགས་པར་སྐྱེ་བ་དང་། མངོན་པར་འགྲུབ་པ་དང་། ཕུང་པོ་རྣམས་འབྱུང
183b3 བདང་། སྐྱེ་མཆེད་རྣམས་རབ་ཏུ་ཐོབ་པ་དང་། སྲོག་གི་དབང་པོ་འབྱུང་བ་དང་། རིས་འཐུན་པ་དང་། ཕྲེང་བ་སྟེ། འདི་ནི་སྐྱེ་བ་ཞེས་བྱའོ།། སྐྱ་བའི་རྐྱེན་གྱིས་རྒ་ཤི་ཞེས་བྱ་བ་ལ། རྒ་བ་གང་ཞེ་ན། སྤྱི་ཅེར་བ་དང་། སྲ་སྐྱེ་བ་དང་། གཉེར་མ་མང
183b4 བ་དང་། འཁོགས་པ་དང་། ཞོམ་པ་དང་། སྦྱར་ཏེ། གདུང་རྟེན་ལྟར་དགུ་པ་དང་། སྒྲ་དང་དར་པོར་གྱུར་ཅིང་དབུགས་རྒྱུ་བའི་ལུས་སུ་གྱུར་པ་དང་། ལུས་སྨེ་བ་ལྟ་བུས་གང་བ་དང་། ལུས་མདུན་དུ་དགུ་པ་དང་། འཁོར་བ་ལ་བརྟེན་པ་དང་།
183b5 དབང་པོ་རྣམས་ཡོངས་སུ་སྨིན་པ་དང་། ཡོངས་སུ་ཞིགས་པ་དང་། འདུ་བྱེད་རྣམས་རྙིངས་པ་དང་། ཤིག་ཤིག་པར་གྱུར་པ་དང་།། བློང་བ་དང་། ཞེན་པ་དང་། ཉམས་པ་དང་། ཡོངས་སུ་ཉམས་པ་སྟེ། འདི་ནི་རྒ་བ་ཞེས་བྱའོ།། 2
183b6 བ་གང་ཞེ་ན། གང་སེམས་ཅན་དེ་དང་དེ་དག་སེམས་ཅན་གྱི་རིས་དེ་དང་དེ་དག་ནས་འཆི་བ་དང་། འཕོ་བ་དང་། ཞིག་པ་དང་། མི་རྟག་པར་འགྱུར་བ་དང་། འཆི་བའི་དུས་བྱེད་པ་དང་། ཚེ་ཉམས་པ་དང་། དྲོད་ཉམས་པ་དང་། སྲོག་གི་དབང
183b7 པོ་འགག་པ་དང་། ཕུང་པོ་རྣམས་འདོར་བ་འདི་ནི་འཆི་བ་ཞེས་བྱ་སྟེ། འཆི་བ་འདི་དང་སྔ་མའི་རྒ་བ་དེ་གཉིས་གཅིག་ཏུ་བསྡུས་ནས་རྒ་ཤི་ཞེས་བྱ་སྟེ། དགེ་སློང་དག་དེ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཡན་ལག་བཅུ་གཉིས་ཞེས
183b8 བྱའོ། ། དེ་ལ་འཕགས་པའི་བདེན་པ་བཞི་གང་ཞེ་ན། སྡུག་བསྔལ་འཕགས་པའི་བདེན་པ་དང་། སྡུག་བསྔལ་ཀུན་འབྱུང་བ་འཕགས་པའི་བདེན་པ་དང་། སྡུག་བསྔལ་འགོག་པ་འཕགས་པའི་བདེན་པ་དང་། སྡུག་བསྔལ
iiif viewer powered by OpenSeadragon
183a - 184a