| | e-texts navigator
|
181b1 ལྷའི་རྣམ་པར་ཤེས་པའི་ཁམས་དང་། ལུས་ཀྱི་ཁམས་དང་། རེག་བྱའི་ཁམས་དང་། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་དང་། ཡིད་ཀྱི་ཁམས་དང་། ཆོས་ཀྱི་ཁམས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཏེ། དགེ་སློང་དག་འདི་དག་ནི་ཁམ
181b2 བཅུ་བརྒྱད་ཅེས་བྱའོ། ། དགེ་སློང་དག་དེ་ལ་སྐྱེ་མཆེད་བཅུ་གཉིས་གང་ཞེ་ན། འདི་ལྟ་སྟེ། མིག་ནང་གི་སྐྱེ་མཆེད་དང་། གཟུགས་ཕྱིའི་སྐྱེ་མཆེད་དང་། རྣ་བ་ནང་གི་སྐྱེ་མཆེད་དང་། སྒྲ་ཕྱིའི་སྐྱེ་མཆེད་དང་། སྣ་ནང་གི་སྐྱེ་མཆེད་དང་། དྲི་ཕྱིའི་སྐྱེ་མཆེད་དང
181b3 ལྕེ་ནང་གི་སྐྱེ་མཆེད་དང་། རོ་ཕྱིའི་སྐྱེ་མཆེད་དང་། ལུས་ནང་གི་སྐྱེ་མཆེད་དང་། རེག་བྱ་ཕྱིའི་སྐྱེ་མཆེད་དང་། ཡིད་ནང་གི་སྐྱེ་མཆེད་དང་། ཆོས་ཕྱིའི་སྐྱེ་མཆེད་དེ། དགེ་སློང་དག་འདི་དག་ནི་སྐྱེ་མཆེད་བཅུ་གཉིས་ཤེས་བྱའོ།། དགེ་སློང་དག་དེ་ལ་རྟེན་ཅིང
181b4 འབྲེལ་བར་འབྱུང་བ་ཡན་ལག་བཅུ་གཉིས་གང་ཞེ་ན། འདི་ལྟ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ
181b5 བཆེད་དྲུག། སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་། མྱ་ངན་ད་།
181b6 སྔགས་འདོས་དང་། སྡུག་བསྔལ་བ་དང་། ཡིདམ་བདེ་བ་དང་། འཁྲུག་པ་རྣམཔ་འབྱུང་བར་འགྱུར་ཏེ། དེས་ཐུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབ་ཤིག་འབྱུང་བར་འགྱུར་རོ།། རིག་པ་གགས་པས་འདུ་བྱེད་འགག། འདུ་བྱེད་འགས
181b7 པས་རྣམ་པར་ཤེས་པ་འགག། རྣམ་པར་ཤེས་པ་འགགས་པས་མིང་དང་གཟུགས་འགག། མིང་དང་གཟུགས་འགགས་པས་སྐྱེ་མཆེད་དྲུག་འགག། སྐྱེ་མཆེད་དྲུག་འགགས་པས་རེག་པ་འགག། རེག་པ་འགགས་པས་ཚོར་བ་འགག
181b8 ཚོར་བ་འགགས་པས་སྲེད་པ་འགག། སྲེད་པ་འགགས་པས་ལེན་པ་འགག། ལེན་པ་འགགས་པས་སྲིད་པ་འགག། སྲིད་པ་འགགས་པས་སྐྱེ་བ་འགག། སྐྱེ་བ་འགགས་པས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག
iiif viewer powered by OpenSeadragon
181a - 182a