e-texts navigator
Collection
Volume
Page
Wylie

180b1 སྲིད་པ་གཞན་མེད་དོ། ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད་གསུངས་ནས་སྟོན་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ།། ང་དང་ཁྱེད་ཅག་ཁོ་ན་ཡིས།། འཕགས་པའི་བདེན་པ
180b2 བཞི་པོ་དག། ཇི་ལྟ་བ་བཞིན་མ་མཐོང་བས།། ལམ་རིང་དུ་ནི་འཁོར་བར་གྱུར། བདེན་པ་དེ་དག་མཐོང་ནས་ནི།། སྲེད་པའི་སྲེད་པ་བཅད་ནས་སུ།། འཁོར་བའི་སྐྱེ་བཟད་པས་ནི།། ད་ནི་སྲིད་པ་གཞན་མེད་དོ།། བཅོམ་ལྡན་འདས་ཀྱིས་པ
180b3 སྐད་ཅེས་བཀའ་སྩལ་པ་དང་། དགེ་སློང་དེ་དག་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མེད་ན་པར་བསྟོད་དེ།། འཕགས་པ་བདེན་པཞིའོ་མད་རྫོགས་སྷོ།། རྒྱ་གང་སྨད་དུ། ཨ་ཪྴ་བི་ནི་ཤུ་ཡ་ནཱམ་དྷརྨ་བ་རཱ་ཡ། བོར་སྐར
180b4 དུ། དོན་རྣམ་པར་ངེས་པ་ཞེས་བྱ་བའི་ཆོས་ཀྱི་རྣམས་གྲངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ནི་ཤེར་ཕྱོགས
180b5 ཀྱེ་ཀུན་དགའ་ར་བ་རི་དགས་འཛིན་གྱི་མའི་ཁང་པ་ན་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུ་དགེ་སློང་གི་དགེ་འདུན་ཆེན་མོ་ད་ཐས་གཅིག་ཏུ་བཞུགས་སོ། ། དེ་ནས་བཅོམ་ལྡན་འདས་ཀྱི་སྤྲིན་ལྟར་ཟབ་ཅིང་སྙན་པ་དྷ་རེ་ཆེ་བའི་ཚངས་པའི་དབྱངས་ཀྱིས
180b6 དགེ་སློང་རྣམས་ལ་བཀའ་སྩལ་བ། དགེ་སློང་དག་ཁྱེད་ལ་ཆོས་བཤད་པར་བྱ་སྟེ། ཚངས་པར་སྤྱོད་པ། ཐོག་མར་དགེ་བ་བར་དུ་དགེ་བ་ཐ་མར་དགེ་བ། དེན་བཟང་པོ། ཚིག་འབྲུ་བཟང་པོ།། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དགག།
180b7 ཡོངས་སུ་བྱ་བ་འདི་ལྟ་སྟེ། དོན་རྣམ་པར་ངེས་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཡང་དག་པར་རབ་ཏུ་བཤད་པར་བྱས། དེ་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་དོ།། དགེ་སློང་དག་གིས་བཅོམ་ལྡན་འདས་ལེགས་པ
180b8 ཞེས་གསོལ་ཏེ། བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། དགེ་སློང་དག་དེན་རྣམ་པར་ངེས་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་དེ་གང་ཞེ་ན། འདི་ལྟ་སྟེ། ཕུང་པོ་ལྔ་ད་།




iiif viewer powered by OpenSeadragon

180a - 181a

Texts on this page

Q982 - 'phags pa bden pa bzhi'i mdo
Q983 - don rnam par nges pa zhes bya ba'i chos kyi rnam grangs