e-texts navigator
Collection
Volume
Page
Wylie

178b1 ལ་ཞུས་པ། བཙུན་པ་ཚེ་དང་ལྡན་པ་རབ་མཐོང་གིས་ལས་ཅི་བགྱིས་ན་ལས་གང་ཡང་རྣམ་པར་སྨིན་པ་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་དང་ལྡན་པའི་རིགས་སུ་སྐྱེས། གཟུགས་མཛེས་ཤིང་ལྷར་དམིས་མཆོད་པའི་མཆོག་ཏུ་གྱུར།
178b2 བསོད་ནམས་ཆེན་པོ་དང་ལྡན་པ་ཤེས་པར་འཚལ་ལགས་སོ་ཞེས་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའསྩལ་པ། དགེ་སློང་དག་འདས་པའི་བསྐལ་པ་དགུ་བཅུ་རྩ་གཅིག་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གརིས
178b3 ཞེས་བྱ་བ་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་ཟུང་དེ། རྒྱལ་པོ་གཉེན་ལྡན
178b4 ཀྱི་ཁབ་ན་བཞུགས་ཏེ། དུས་དེའི་ཚེ་ཞལ་ཞལ་མཁན་གྱི་རིགས་ལས་ཕྱུག་པ་ག་གེ་མོ་ཞེས་བྱ་བ་ཞིག་གིས་རྣམ་པར་གཟིགས་ཀྱི་སླད་དུ་གཙུག་ལག་ཁང་བརྩིགས་ཏེ། མེ་ཏོག་དང་འབྲས་བུའི་ཤིང་ལེགས་པར་བཙུགས་ཏེ། ཀུན་དུ་དྲི་བསྲུང་གི
178b5 དད་དང་ལྡན་པ་འབྱུང་བར་གྱུར་ཏེ་བུལ། སྟོན་པ་དེ་ཉིད་ཀྱི་བསྟན་པ་ལ་ཡང་རབ་ཏུ་བྱུང་། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་མྱ་ངན་ལས་འདས་ནས་སྐུ་གདུང་གི་མཆོད་རྟེན་གྱི་རྨང་གི་འོག་ཏུ་རིན་པོ་ཆེའི་རྡོ་རིང་ཅིག་བསྒྲེར
178b6 དོ། ། ཞལ་ཞལ་མཁན་གྱི་རིགས་ལས་རབ་ཏུ་བྱུང་བ་དེའི་འཁོར་མང་པོ་ཡང་རྗེས་སུ་ཡིད་རང་ཞིང་མོས་པར་གྱུར་ཏེ། ཁྱེད་སྟོན་པ་ལ་མོས་པར་གྱུར་པ་དེ་བཞིན་དུ་བདག་ཅག་ཀྱང་དད་ཅིང་མོས་པར་བགྱིད་དེ། སྟོན་པའི་བཀའ་བཞིན་དུ
178b7 བགྱིད་ཅིང་མཉེས་པར་བགྱིད་ལ་མི་མཉེས་པར་མ་གྱུར་ཅིག་ཅེས་སྨོན་ལམ་བཏོབ་པོ། ། དགེ་སློང་དག་ཇི་སྙམ་དུ་སེམས་དེའི་ཚེ་དེའི་དུས་ན་ཞལ་ཞལ་མཁན་གང་ཡིན་པ་དེ་ནི་ཚེ་དང་ལྡན་པ་རབ་མཐོང་ཆེན་པོ་ཉིད་ཡིན་ལ། སྐྱེ་དགུའི་ལུས
178b8 ཅན་དེ་དག་ནི་ད་ལྟར་གྱུར་གྱི་ལྷ་དང་མི་འདི་དག་ཡིན་ཏེ་ད་ལྟར་ཡང་འདུལ་བར་བྱེད་པ་ཡིན་ནོ། ། གཞན་ཡང་བཅོམ་ལྡན་འདས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་སྟེ། དེའི་མཁན་པོ་ནི་ལྷ་དང་མིས་མཆོད་པའི་མཆོག་ཏུ་གྱུར་པ་ཡིན་ཏེ།




iiif viewer powered by OpenSeadragon

178a - 179a

Texts on this page

Q980 - mun gyi nags tshal gyi sgo zhes bya ba'i mdo