| | e-texts navigator
|
178a1 བའི་མི་རྣམས་ལ་ཆོས་བསྟན་པས་ཡིད་རབ་ཏུ་དགའ་ཞིང་དད་པར་གྱུར་ཏེ། རྒྱལ་པོ་ཆེན་པོ་རྩུབ་པོས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་བྱས་གཞན་དག་ཀྱང་དད་པར་གྱུར་ཏེ། ཕུག་ལྔ་བརྒྱའི་ལས་ཀྱང་བྱས། དྲང་སྲོང
178a2 མངོན་པར་ཤེས་པ་ལྔ་དང་ལྡན་པ་ལྔ་བརྒྱ་ཡང་རབ་ཏུ་བྱུང་སྟེ། དགྲ་བཅོམ་པ་མངོན་དུ་བྱས། གནས་དེ་ན་བྲམ་ཟེ་སྨྲ་བ་ལ་མཁས་པ་ཅིག་ཡོད་པ་དེ་རྒྱལ་བར་གྱུར་པ་ཏུལ་ནས་རབ་ཏུ་བྱུང་སྟེ། དེས་ཀྱང་དགྲ་བཅོམ་པ་མངོན་དུ་བྱས་ཏེ། ཏ་མ
178a3 སའི་ནགས་ན་ཚེ་དང་ལྡན་པ་རབ་མཐོང་ཆེན་པོ་ལ་སོགས་པ་དགྲ་བཅོམ་པ་ཁྲི་བརྒྱད་རྙེད་གནས་བཅས་སོ་ཞེས་རྒྱལ་པོའི་ཕོ་བྲང་འཁོར་དང་གྲོང་ཁྱེར་དང་གྲོང་ཁྱེར་ཀུན་དུ་གྲགས་པར་གྱུར། རྒྱལ་པོ་རྩུབ་པོ་ལ་སོགས་པ་མི་རྣམས་ནི
178a4 འཕགས་པའི་དགེ་འདུན་གྱི་སླད་དུ་ཉིན་རེ་བཞིན་དུ་དང་བ་འབུལ་མི་མ་ཡིན་པ་དག་ནི་དེ་བཞིན་དུ་ཞུན་མང་འབུལ་བར་བྱེད། གཞན་ཡང་དགའ་བ་དང་། དད་པས་མགུ་ཞིང་རངས་པས་ལེགས་པར་ལས་དང་བྱ་བ་ཡང་བྱེད་དོ།། དེ་བཞིན་དུ
178a5 ཀླུ་དག་གིས་དགའ་བ་དང་མགུ་བས་ཐ་དད་པའི་བྱེ་བྲག་བཅཝ་བརྒྱད་ཀྱི་བཟའ་བ་དང་། བཅའ་བ་སྦྱར་བ་ཕུལ་ལོ།། གཞན་ཡང་འདི་ལྟར་སྐྱེ་དགུའི་ལུས་ཅན་སེམས་བསྐྱེད་པ་འདི་ལྟ་སྟེ། བློན་པོ་དང་རྒྱལ་རིགས་སྦྱར་འདུས་ཏེ། ཀུན་དགའ
178a6 ར་བ་ཞིག་ཀྱང་བྱས་ཏེ། དེ་དག་ཏུ་མེ་ཏོག་གི་ཤིང་དང་། འབྲས་བུའི་ཤིང་མཛེས་པ་འདི་དག་སྟེ། ཨ་མྲའི་ཤིང་དང་། བ་ཏིའི་ཤིང་དང་། སེད་ལྡེང་གི་ཤིང་དང་། ནྱ་གྲོ་དྷའི་ཤིང་དང་། ཨ་ཤྭད་ཟའི་ཤིང་དང་། འབྲས་བུ་གསུམ་གྱི་ཤིང་དང་། མ
178a7 ཏོག་ཙམ་པ་ཀའི་ཤིང་དང་། ཨུད་དུ་ཀའི་ཤིང་དང་། མདུ་ཀའི་ཤིང་དང་། བིལ་བའི་ཤིང་དང་། འབྲ་ཧེའི་ཤིང་དང་། འཛམ་བུའི་ཤིང་དང་། དྲ་ནའི་ཤིང་དང་། ཆུ་ཤིང་ལ་སོགས་པ་དང་། མེ་ཏོག་མ་ལ་ཀ་དང་། ཀུན་དྷ་དང་། ཛ་ཧི་ཀ་ལ་སོགྲ
178a8 པ་མཛེས་པ་སྣ་ཚོགས་དགེ་སློང་བདེ་བར་གནས་པ་དགེ་བའི་ཕྱོགས་བྱེད་པ་དང་འཐུན་པ་ཞིག་ཀྱང་བྱས་ཏེ་དགེ་འདུན་ལ་ཕུལ་ལོ། ། དེ་ནས་དགེ་སློང་དག་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་པ་གཅོད་པ་སངས་རྒྱས་བཅོམ་ལྡན་འདས
iiif viewer powered by OpenSeadragon
177b - 178b