e-texts navigator
Collection
Volume
Page
Wylie

177b1 ལྷ་དང་ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། དྲི་ཟ་དང་། ལྷོ་ཕྱེ་ཆེན་པོ་ལ་སོགས་པ་དེ་དག་གིས་ཚེ་དང་ལྡན་པ་རབ་མཐོང་ཆེན་པོས་ཅང་མི་སྨྲབས་དང་དུ་བླངས་པར་རིག་ནས་དགའ་མགུ་ཡིད་རངས་པར་གྱུར་ཏོ།། དེ་ནས་ཚེ་དང་ལྡན
177b2 པ་རབ་མཐོང་ཆེན་པོས་སྟོན་པའི་ཞལ་དུ་ལྟ་བ་མཐོང་ནས་ཏ་མ་སའི་ནགས་སུ་སོང་སྟེ་བྱིན་ནས་བླ་གབ་མེད་པར་འགྲེང་སྟེ་གན་ཌེ་བརྡུངས་ཏེ། གན་ཏིའི་སྒྲ་དེས་འཛམ་བུའི་གླིང་ཁྱབ་པར་སྒྲ་གྲགས་པར་གྱུར་པ་ན་དགེ་སློང་དག་གིས་སྒྲ་ཐོས
177b3 ཏེ་སེམས་པ་ལ་ཞུགས་པ་དང་། སྒྲ་འདི་ནི་མུན་གྱི་གངས་ནས་བྱུང་ངོ་སྙམ་མོ།། དེ་ཡང་སྔོན་གྱི་ཡང་དག་པར་རྫོགས་པའི་སངས་རྒྱས་དག་གི་བཞུགས་གནས། རང་སངས་རྒྱས་རྣམས་ཀྱིས་གནས་པ། འདོད་ཆགས་དང་བྲལ་བ་དག
177b4 དང་དྲང་སྲོང་དག་གིས་གནས་སུ་གྱུར་པ་ཡིན་ལ་ད་ལྟར་ཡང་དེ་ཁོ་ན་བཙུན་པ་རབ་མཐོང་ཆེན་པོ་ཡིན་པར་གོ་ཞིང་ཤེས་ནས་མཐོང་སྟེ། དགྲ་བཅོམ་པ་ཁྲི་བརྒྱད་སྟོང་སྙེད་ཀྱིས་མུན་གྱི་ནགས་སུ་བྱིན་ཏེ་དབྱར་གྱི་གནས་པ་ཡང་བཅས།
177b5 ཚངས་པ་ལྷའི་དབང་པོ་དང་། འཇིག་རྟེན་སྐྱོང་བ་དེ་དག་གིས་དེ་བཞིན་གཤེགས་པའི་དབུ་སྐྲ་དང་སེན་མོ་ཁྱེར་ཏེ་འོངས་ནས་དབུ་སྐྲ་དང་སེན་མོའི་མཆོད་རྟེན་ཞིག་བཞེངས་སུ་གསོལ།། གཙུག་ལག་ཁང་ཞིག་ཀྱང་བརྩིགས།། རྡོ་རྗེའི
177b6 གཙུག་ལག་ཁང་དུ་མཚན་གསོལ། མི་མཇེད་ཀྱི་བདག་པོ་ཚངས་པ་དང་། འཇིག་རྟེན་སྐྱོང་བ་བཞིས་ཀྱང་སོ་སོ་ནས་གཙུག་ལག་ཁང་རེ་རེ་བཞེངས་སུ་གསོལ།། ལོ་དང་པོ་ལ་ལྷ་རྣམས་ཀྱིས་ཀྱང་གནས་བཅས། ལྷའི་དབང་པོ
177b7 བརྒྱ་བྱིན་གྱིས་རང་གི་ལག་ནས་ལོ་གཅིག་གི་ཆོས་གོས་ལ་སོགས་པ་ཡོ་བྱད་ཀྱི་རིན་སྦྱར། ལྷའི་བུ་མོ་བདེ་སོགས་ཀྱི་དགེ་སློང་རེ་རེ་ཞིང་རས་ཡུག་རེ་རེ་ཆོས་གོས་ཀྱི་རྒྱུ་ཡང་ཕུལ།། དེ་ནས་ཚེ་དང་ལྡན་པ་རབ་མཐོང་ཆེན་པོ་གནས་ལ
177b8 དུ་ལྷའི་འཁོར་གྱིས་བསྐོར་ཏེ་གནས་བཅས་པ་ན་འདི་སྐད་ཅེས་སྨྲས་སོ། ། གནས་བཅས་པ་འདི་ཡུན་རིང་གནས་བཅས་པར་འགྱུར་བའི་ཕྱིར་ལྷ་དང་མིའི་གྲོང་ཁྱེར་གནས་བཅའ་བའི་ཕྱིར་རྒྱལ་རིགས་རྩུབ་པོ་ཞེས་བྱ་བ་ལ་སོགས




iiif viewer powered by OpenSeadragon

177a - 178a

Texts on this page

Q980 - mun gyi nags tshal gyi sgo zhes bya ba'i mdo