| | e-texts navigator
|
176b1 བ་ལྔ་དང་ལྡན་པ་དྲང་སྲོང་ཁྲི་གནས་པར་གྱུར་ཏོ། ། འདི་ནི་བཙུན་པ་རབ་མཐོང་ཆེན་པོ་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་བརྒྱ་ཐུབ་པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་འཇིག་རྟེན་དུ་བྱུང་སྟེ། འཕགས་པ་རབ་མཐོང
176b2 རེརིན་པོ་ཁྱོད་ལྷ་དང་མིས་མཆོད་པའི་མཆོག་ཏུ་གྱུར་པ་ཡང་འདི་ཉིད་ནའོ། ། མཚམས་ཀྱི་རི་ལ་རྩའི་རིགས་ཨུ་ཤི་ཤ་སྐྱེ་བས་ཨུ་ཤིའི་རི་ཞེས་བཏགས་པར་གྱུར། ཀླུ་མོ་ཏ་མ་ཞེས་བྱ་བ་གནས་པས་ཏ་མའི་ནགས་ཚལ་ཞེས་བཏགས་པར་གྱུར། ཤིང
176b3 ཨ་འབྲ་སྐྱེ་བས་ཨ་འབྲའི་ཕུག་ཅེས་ད་ལྟར་བཏགས་པ་ཡིན་ཏེ། བཙུན་པ་རབ་མཐོང་ཆེན་པོ་ཨུ་ཤི་ཤའི་རི་བྲག་འདི་ཉིད་དུ་ཐུགས་བརྩེ་བ་ཅན་དགོངས་ཏེ་བཞུགས་པ་ནི་ལེགས་སོ།། དེ་ནས་ཡང་ཚངས་པ་དང་། ལྷའི་དབང་པོ་བརྒྱ་བྱིན་དང་།
176b4 འཇིག་རྟེན་སྐྱོང་བ་དག་གིས་གནས་བརྟན་ཆེན་པོའི་རྐང་པ་ལ་ཕྱག་འཚལ་ཏེ་ཐལ་མོ་སྦྱར་བ་བྱས་ནས་རབ་ཏུ་གུས་པས་འདི་སྐད་ཅེས་སྨྲས་སོ།། ཐུགས་བརྩེ་བ་ཅན་ནགས་འདི་ན་གཤེགས་ཤིང་བཞུགས་པའི་གནས་ཡིན་ཏེ་བདག
176b5 ཅག་ཀྱང་ཉོ་གནས་བགྱིད་ལ་གཞན་དག་ཀྱང་གཟུང་དུ་གསོལ། ། དེ་ནི་སྙན་པར་གྲགས་ཤིང་ལེགས་ཏེ་ཆུ་ནི་གཟིགས་པར་དབྱུང་བར་འཚལ་ལོ་ཞེས་གསོལ་བ་བཏབ་བོ།། གཞན་ཡང་གནོད་སྦྱིན་གྱི་སྡེ་དཔོན་བརྒྱད་པོ་འདི་དག་སྟེ། སང་གེ
176b6 ལ་ཞེས་བྱ་བ་དང་། ཆོས་སྐྱོང་ཞེས་བྱ་བ་དང་། དོན་གྲུབ་ཅེས་བྱ་བ་དང་། གཞན་ལས་རྒྱལ་ཞེས་བྱ་བ་དང་། གླང་རྣ་ཞེས་བྱ་བ་དང་། དབྱིག་རྣ་བ་ཞེས་བྱ་བ་དང་། ཆོས་ལྡན་ཞེས་བྱ་བ་དང་། ཆོས་འཕགས་ཞེས་བྱ་བས་ཀྱང་གནས་བརྟན་ཆེན་པོ
176b7 རྐང་པ་ལ་ཕྱག་འཚལ་ཏེ་ཐལ་མོ་སྦྱར་ནས་རབ་ཏུ་གུས་པས་འདི་སྐད་ཅེས་སྨྲས་སོ། ། ཐུགས་བརྩེ་བ་ཅན་ནགས་དེ་ནི་གཤེགས་ཤིང་བཞུགས་པའི་གནས་ཡིན་ཏེ་བདག་ཅག་ཀྱང་ཉེ་གནས་བགྱིད་ལ་གཞན་ཀྱང་གཟུང་དུ་གསོལ།
176b8 དེ་ནི་སྙན་པར་གྲགས་ཤིང་ལེགས་ཏེ་ཆུ་ནི་གཟིགས་པར་འབྱུང་བར་འཚལ་ལོ་ཞེས་གསོལ་བ་བཏབ་པོ།། གཞན་ཡང་གནོད་སྦྱིན་མཚན་མོ་བརྒྱད་འདི་དག་སྟེ། ཨ་ཤི་ཌི་ཤེས་བྱ་བ་དང་། མུ་མདས་ཞེས་བྱ་བ་དང་། འཕྱད་མ་ཞེས་བྱ་བ་དང་རབ་ཏུ
iiif viewer powered by OpenSeadragon
176a - 177a