e-texts navigator
Collection
Volume
Page
Wylie

176a1 གྱུར། དེ་དག་ཀྱང་མྱ་ངན་ལས་འདས་ནས་མངོན་པར་ཤེས་པ་ལྔ་དང་ལྡན་པ་དྲང་སྲོང་སུམ་ཁྲི་ཡང་དེ་ན་གནས་པར་གྱུར་ཏོ།། འདི་ནི་བཙུན་པ་རབ་མཐོང་ཆེན་པོ་སྔོན་བྱུང་བ་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་སུམ་ཁྲི་ཐུབ་པ
176a2 ན་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་ཐུབ་ཅེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་དགེ་སློང་ཆོས་འཕགས་ཞེས་བྱ་བ་ལྷ་དང་མིས་མཆོད་པའི་མཆོག་ཏུ་གྱུར་པ་ཡང་དེ་ཉིད་ནའོ།། མཚམས་ཀྱི་རི་དེ་ལ་རྩའི་རིགས་ཁ་དོག་ལྗང་ལོ་ཅན་ཞེས
176a3 བྱ་བ་སྐྱེ་བས་ཁ་དོག་ལྡང་ལོ་རི་ཞེས་བཏགས་པར་གྱུར། ཐིག་ལེ་ཞེས་བྱ་བའི་ཀླུ་མོ་གནས་པས་ཐིག་ལེའི་ནགས་ཞེས་བཏགས་པར་གྱུར། ཤིང་ཀ་བི་ཏ་སྐྱེ་བས་ཀ་བི་ཏིའི་ཕུག་ཅེས་བཏགས་པར་གྱུར། ཡང་དག་པར་རྫོགས་པའི་སངས
176a4 རྒྱས་གསེར་ཐུབ་འཁོར་གྱི་དགྲ་བཅོམ་བཞི་ཁྲི་དང་གཤེགས་ཤིང་ཐབས་གཅིག་ཏུ་བཞུགས་པར། དེ་དག་ཀྱང་མྱ་ངན་ལས་འདས་བསྟན་པ་ནུབ་ནས། རང་སངས་རྒྱས་སུམ་ཁྲི་ཡང་གཤེགས་ཤིང་བཞུགས་པར་གྱུར། རང་སངས་རྒྱས
176a5 དེ་དག་ཀྱང་མྱ་ངན་ལས་འདས་ནས་མངོན་པར་ཤེས་པ་ལྔ་དང་ལྡན་པ་དྲང་སྲོང་ཉི་ཁྲི་ཡང་དེ་ཉིད་ན་གནས་པར་གྱུར་ཏོ། ། འདི་ནི་བཙུན་པ་རབ་མཐོང་ཆེན་པོ་སྔོན་བྱུང་བ་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་ཡང་དག་པ
176a6 རྫོགས་པའི་སངས་རྒྱས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་དགེ་སློང་ཤ་ཊོ་ཀ་ཞེས་བྱ་བ་ལྷ་དང་མིས་མཆོད་པའི་མཆོག་ཏུ་བྱུང་པ་དེ་ཉིད་ནའོ།། མཚམས་ཀྱི་རིལ་རྩའི་རིགས་ཟླ་བ་ཞེས་བྱ་བ་སྐྱེ་བས་ཟླ་བའི་རི་ཞེས་བཏགས་པར་གྱུར། ཀླུ་མོ
176a7 རྒྱལ་བ་ཞེས་བྱ་བ་གནས་པས་རྒྱལ་བའི་ནགས་ཞེས་བྱ་བར་བཏགས་པར་གྱུར། ཤིང་འཛམ་བུ་ཞེས་བྱ་བ་སྐྱེ་བས་འཛམ་བུའི་ཕུག་ཅེས་བཏགས་པར་གྱུར། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་འཁོར་གྱི་དགྲ་བཅོམ་པ་ཉི་ཁྲི
176a8 དང་གཤེགས་ཤིང་ཐབས་གཅིག་ཏུ་བཞུགས་པར་གྱུར་དེ་དག་ཀྱང་མྱ་ངན་ལས་འདས་བསྟན་པ་ནུབ་ནས། རང་སངས་རྒྱས་ཁྲི་ལྔ་སྟོང་གཤེགས་ཤིང་བཞུགས་པར་གྱུར། རང་སངས་རྒྱས་དེ་དག་ཀྱང་མྱ་ངན་ལས་འདས་ནས་མངོན་པར་ཤེ




iiif viewer powered by OpenSeadragon

175b - 176b

Texts on this page

Q980 - mun gyi nags tshal gyi sgo zhes bya ba'i mdo