| | e-texts navigator
|
175a1 རི་རུང་གི་ལྟེ་བ་ཞེས་བྱ་བ་ནི་རི་དེ་ལ་ནཱའི་རིགས་དྲུང་གི་ལྟེ་བའདྲ་བ་སྐྱེབས་དྲང་གི་ལྟེ་བའི་རི་ཞེས་བྱ་བར་རྟགས་པར་གྱུར། རི་དེ་དང་ཉེ་བ་ན་ནགས་ཤིག་ན་ཀླུ་མོ་ཨི་ནི་ཞེས་བྱ་བ་གནས
175a2 པས་ཨེ་ནིའི་ནགས་ཞེས་བྱ་བར་བཏགས་པར་འགྱུར། དེ་ན་ཕྲག་ཅིག་ཡོད་པ་དང་ཉེ་བར་ཤིང་པ་ཏི་ལིའི་ཞེས་བྱ་བ་སྐྱེབས་པ་ཏི་ལིའི་ཕུག་ཅེས་བརྟགས་པར་འགྱུར་བ་དེ་ཉིད་དུ་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས
175a3 རྣམ་པར་གཟིགས་ཞེས་བྱ་བ། འཁོར་དགྲ་བཅོམ་བརྒྱད་ཁྲི་དང་གཤེགས་ཤིང་ཐབས་གཅིག་ཏུ་བཞུགས་པར་གྱུར། དགེ་སློང་གསལ་བ་ཡང་དེ་ཉིད་ནའོ།། དེ་ནས་བཅོམ་ལྡན་འདས་འཁོར་དང་བཅས་པ་དག་ཀྱང་རིམ་པ་བཞིན་དུ་མྱ་ངན
175a4 ལས་འདས། བསྟན་པ་ནུབ་ནས་རང་སངས་རྒྱས་བདུན་ཁྲི་དག་མངོན་པར་ཤེས་པ་དྲུག་དང་ལྡན་པ་དག་མཉམ་དུ་བྱུང་སྟེ་གཤེགས་ཤིང་བཞུགས་པར་འགྱུར། རང་སངས་རྒྱས་དེ་དག་ཀྱང་མྱ་ངན་ལས་འདས་ནས་དྲང་སྲོང་དྲུག་ཁྲི་མངོན་པར
175a5 ཤེས་པ་ལྔ་དང་ལྡན་པ་དག་ཀྱང་དེ་ཉིད་དུ་གནས་པར་གྱུར་ཏོ། ། བཙུན་པ་རབ་མཐོང་ཆེན་པོ་དེ་ནས་ཡང་བསྐལ་པ་དྲུག་བཅུ་རྩ་གཅིག་ན་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་གཙུག་ཏོར་ཅན་ཞེས་བྱ་བ་འཇིག
175a6 རྟེན་དུ་བྱུང་སྟེ། དེའི་དགེ་སློང་རབ་གསལ་ཞེས་བྱ་བ་ལྷ་དང་མིས་མཆོད་པའི་མཆོག་ཏུ་གྱུར་པ་ཡང་དེ་ཉིད་ནའོ།། མཚམས་ཀྱི་རི་དེ་ཉིད་ལ་རྩཝའི་རིགས་རོ་ཧི་ཏཱི་ཞེས་བྱ་བ་སྐྱེ་བས་རོ་ཧི་ཏཱི་རི་ཞེས་བྱ་བར་བརྟགས་པར་གྱུར། ཀླུ
175a7 མོགོས་མེད་ཅེས་བྱ་བ་གནས་པས་གོས་མེད་ཀྱི་ནག་ས་ཞེས་བྱ་བར་བཏགས་པར་གྱུར། ཤིང་ཤིར་ཤ་སྐྱབས་ཤིང་ཤིར་ཤའི་ཕུག་ཅེས་བཏགས་པར་གྱུར། ཡང་དག་པར་རྫོགས་པའི་སངས་རྒྱས་གཙུག་ཏོར་ཅན་འཁོར
175a8 དགྲ་བཅོམ་པ་བདུན་ཁྲི་དང་ཡང་དེར་གཤེགས་ཤིང་ཐབས་གཅིག་ཏུ་བཞུགས་པར་གྱུར། དེ་དག་ཀྱང་མྱ་ངན་ལས་འདས་བསྟན་པ་ནུབ་ནས། རང་སངས་རྒྱས་དྲུག་ཁྲི་ཡང་དེར་གཤེགས་ཤིང་བཞུགས་པར་གྱུར།། རང
iiif viewer powered by OpenSeadragon
174b - 175b