e-texts navigator
Collection
Volume
Page
Wylie

174a1 བྲམ་ཟེ་ལྔ་བརྒྱ་ལ་བུ་ལྔ་བརྒྱ་བཙས་དེ་དེ་དག་རིམ་བཞིན་དུ་བུ་ཆར་སྐྱེས་པ་དང་། རབ་མཐོང་ལ་སོགས་པ་ལྔ་བརྒྱ་ལྷན་ཅིག་ཏུ་རིག་པ་དག་སློབ་པ་ན། རབ་མཐོང་ལ་སོགས་པ་རིག་པའི་གནས་ཐམས་ཅད་ཀྱི་ཕ་རོལ
174a2 ཏུ་སོན་ཅིང་ཐམས་ཅད་རྫོགས་པར་ཡང་དག་པར་བྱང་བར་གྱུར་ལ། བསོད་ནམས་ཀྱི་ཚོགས་ཡང་དག་པ་ལས་བྱུང་བའི་སྤྱོད་པ་མཚུངས་པ་མེད་པ་སྟོང་ཕྲག་བརྒྱ་སྙེད་ཐོབ་སྟེ། དབང་བྱེད་པ་གང་གིས་དུས་སུ་བྲམ་ཟེ་ས་ནབ་གཅིག་ཡུལ
174a3 དབུས་ནས་འོངས་ཏེ་ཕྱིན་ནས་ཕྲད་པ་དང་། དེ་ལ་གསོད་པོར་སྨྲས་ཏེ་གཏམ་དག་ཀྱང་བྱས་ནས་ངེས་པར་གང་ནས་འོངས་པ་ཡིན་ཞེས་དྲིས་པ་དང་། དེས་སྨྲས་པ་ཡུལ་དབུས་ནས་འོངས་པ་ཡིན་ཏེ་དེ་ཡང་གྲོང་ཁྱེར་ཆེན་པོ་དྲུག
174a4 གོ། ། དེའི་ནང་དག་ན་ཆད་མ་དྲུག་ལ་མཁས་ཤིང་ལྟས་ཀྱི་བྱ་བ་དྲུག་པ་ཐོགས་པ་མེད་པར་བརྗོད་ནུས་པའི་སྟོན་པ་བཅཝ་བརྒྱད་ཡོད་དེ་དེ་ན་ཆུ་ཀླུང་ཡང་འབབ་བོ།། དེ་མ་ཡིན་པ་བསོད་ནམས་ཆེན་པོ་དང་ལྡན་པ། དགེ་ཞིང་ཤིས་པ། འཇིག
174a5 རྟེན་ཐམས་ཅད་མཁྱེན་པ། བཅོམ་ལྡན་འདས་ཀྱང་དེ་ནའོ་ཞེས་བྱ་བ་དང་། རབ་མཐོང་གིས་སྒྲ་དེ་ཐོས་པ་དང་། བསྤུ་ལངས་ཡིད་གཡོས་རབ་ཏུ་དགའ་སྟེ། དེར་འགྲོའོ་སྙམ་ནས། ཕའི་གན་དུ་སོང་སྟེ། ཕྱིན་ནས་ཡབ་བདག་ནི་ཡུལ
174a6 དབུས་སུ་མཆིའོ། ། དེ་ནས་མུ་སྟེགས་བདག་ལས་རྒྱལ་བར་བགྱིའོ།། མཁས་པར་བགྲངས་པ་དག་དང་ངེས་པར་ལྷན་ཅིག་སྨྲ་བར་བགྱིའོ་ཞེས་གསོལ་པ་དང་། ཕས་དེ་ལྟར་གནང་དོ་དེ་ནས་བསོད་ནམས་ཆེན་པོ་སྦྱིན་པས་དབང་ཕྱུག
174a7 ཆེན་པོ་དང་ལྡན་པ། སེམས་ཅན་ཐམས་ཅད་ལ་གདོ་ཆེན་པོ་ཅན་དེ་ལྷ་དག་གིས་བསྲུངས་པ་ཞིག་པས་ལྒད་གཉེ་བར་འོང་ཞིང་སྔོན་དུ་འགྲོ་སྟེ། རབ་མཐོང་ཆེན་པོ་ལ་མཆོད་པ་བྱོས་ཤིག་དང་། ཕན་ཡོན་མང་པོ་དག་གིས་འབྲས
174a8 བུ་ཆེན་པོ་འབྱུང་བར་འགྱུར་རོ་ཞེས་སྒྲ་སྒྲོགས་ཤིང་སོང་བ་དང་། རིམ་གྱིས་ལྷ་དང་མིས་མཆོད་པ་བྱས་ཤིང་མཉན་ཡོད་དུ་ཕྱིན་ནོ།། དེ་ནས་ལམ་གྱིས་དུབ་པ་རྟ་བསྟེས་ཏེ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན




iiif viewer powered by OpenSeadragon

173b - 174b

Texts on this page

Q980 - mun gyi nags tshal gyi sgo zhes bya ba'i mdo