| | e-texts navigator
|
173a1 ཡང་དག་བསྟོན་ན། དེའི་ལུས་ལ་མས་མི་ཚུགས་པར་འགྱུར།། དུག་གིས་མི་ཚུགས་པ་ཡིན། རྒྱལ་པོའི་ཆད་པས་མ་ཡིན། རྐུན་པོའི་ཆད་པས་མ་ཡིན་ཏེ།། དུས་མ་ཡིན་པར་འཆི་བའི་དུས་བྱེད་པར་ཡང་མི
173a2 འགྱུང་ཞིང་ངེས་པར་མྱ་ངན་ལས་འདས་པར་ཉེ་བར་འགྲོ་བར་འགྱུར་རོ། ། གང་དང་གང་དུ་སྐྱེས་པར་ཡང་།། མཚན་མོ་བཟང་པོའི་མདོ་ཀླགས་ན།། སྐྱེ་བ་དྲན་དང་དགྲ་བཅོམ་དང་།། དབང་ཕྱུག་ཏུ་ཡང་ངེས་པར་འགྱུར།། ལན
173a3 ཅིག་གིས་ནི་གནས་ཀུན་དུ། ། དུས་མིན་འཆི་དང་བར་མདོར།། བདག་གིས་བདག་ལ་མི་སྦྱོར་བར།། དུས་མིན་འཆི་དང་ཆོས་མ་ཡིན།། སེམས་ཅན་ཐམས་ཅད་སྲུང་ཞིང་སེལ།། ནད་དང་མྱ་ངན་འཇིགས་སྐྱེ་དང་།། མི
173a4 ལམ་མི་ཤེས་མྱ་བན་དུ། བརྗོད་ན་དཔལ་དུ་བྱེད་པར་འགྱུར།། གང་གིས་བྲིས་ཏེ་སྐྱེས་པ་དང་།། བུད་མེད་ལུས་ལ་བཏགས་ན་ནི།། སྐལ་པ་བཟང་དང་གཟི་བརྗིད་དང་།། དེ་ཡི་པ་ལ་ཡང་སྐྱེ་བར་འགྱུར།། ལུས་དང
173a5 ངག་དང་ཡིད་ཀྱིས་སུ། ། མི་དགེ་ཅུང་ཟད་གང་བྱས་པ།། དེ་དག་ཐམས་ཅད་བཟང་པོའི་མདོས།། དུས་མ་ཡིན་པར་འཆི་བས་སྐྱོབ།། རྒྱལ་པོ་ཆུ་དང་མེ་དང་གློག། ཆོམ་པོ་ནད་དང་དགྲ་དག་དང་།། གཡུལ་སྤྲོད་ས་དང་འཐའ་བར་ཡང་།
173a6 བཟང་པོ་དྲན་ན་སྐྱོབ་པར་བྱེད།། རིག་པ་བཟང་པོ་འདི་དང་ནི།། གསང་སྔགས་འདིར་ཤ་ཏག། བརྗོད་ན།། མི་དག་མི་ཞུམ་དུས་ཀུན་དུ།། དེ་བས་འདི་ནི་ཡིད་ཀྱིས་བརྗོད།། འདས་པ་དང་མ་བྱོན་པ་དང་། ད་ལྟར་བྱུང་བའི་དེ་བཞིན
173a7 གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ། ། ཕྱག་འཚལ་ནས་རིག་སྔགས་འདི་དག་བརྗོད་པར་བྱ་སྟེ། རིག་སྔགས་འདིས་བདག་འབྱོར་པར་གྱུར་ཅིག། ཏདྱ་ཐཱ།
173a8 ནི་མི་ནི་མིན་དྷ་རི།། ཏེ་མི་ཏི་མིང་ག་ལི། ཏེ་ལོ་ཀ་ཨ་བ་ལོ་ཀ་ནི། ཏྲི་ཤུ་ལ་དྷ་ར་ནི། ཨ་ཀུ་ཕི་ནེ། ཀྲི་མཱི་ཀྲི་ཏི། ཀི་ལི་ཀི་ལི། ཀུ་ཏོ་ཀུད་ཏོ། ཀུང་ཏོ་ཀུད་སི། ཀུད་ཏོ་ཀུད་སི། ཀུརྟི་ཀུ་བི་ཏི། བདག་དང་སེམས་ཅན་ཐམས་ཅད་ལག་ན
iiif viewer powered by OpenSeadragon
172b - 173b