e-texts navigator
Collection
Volume
Page
Wylie

172b1 ཏ་བས། ། འཆི་བདག་སྡེ་ཆེན་དེ་དང་ནི། བདག་ཏུ་བཤེས་པ་མ་ཡིན་ནོ།། སེམས་ཅན་ཀུན་དང་སྲོག་ཆགས་ཀུན།། འབྱུང་པོ་ཀུན་དང་ཐམས་ཅད་ཀྱང་།། བདེ་བ་འབའ་ཤིག་གྲུབ་གྱུར་ཏེ།། ཐམས་ཅད་ཉོན་མོངས་མེད་པར་ཤོག
172b2 ཐམས་ཅད་བཟང་པོ་མཐོང་གྱུར་ཏེ། ། གང་ཡང་སྡིག་པར་མ་གྱུར་ཅིག། དེ་ལྟར་གནས་ཤིང་བར་བརྩོན་ལ། ཉིན་མཚན་སྙོམས་ལས་མེད་པས་ན།། དེ་ཕྱིར་མཚན་མོ་བཟང་པོ་ཡི།། མདོ་སྡེ་ཐུབ་པས་རྟག་ཏུ་གསུངས།
172b3 དེ་ནས་བཅོམ་ལྡན་འདས་ཀྱིས་སེམས་ཅན་ཐམས་ཅད་རྗེས་སུ་གཟུང་བའི་ཕྱིར་མཚན་མོ་བཟང་པོའི་མདོ་འདི་བཤད་ནས་འགྲོ་ལྡིང་བའི་གསང་སྔགས་ཀྱི་གཞི་འདི་དག་གསུངས་སོ།། ཏདྱ་ཐཱ། བི་ནི་བྷ་ར་དི། བི་རིན
172b4 བི་རི་ནི། བུད་དྷ། མ་ཧ་ར་ཏན?་དྷེ། མ་ཧི་ནི་མིན་ནི། ནི་ནི་ནི་ནི། ཏི་ཏི་ཏི་ཏི། བི་ར་ཏི། གཽ་རི། གན་དྷ་རི། ཙཎ་ཌ་ལི། མ་ཏང་གི། བུ་ཀ་སི། བྲམྦ་ནི། དྲ་མི་ཊི། དྲ་མ་ཊི། ཤཱ་བཱ་དི་ས་དཱ་ལ་མ་བྷེ། ཧི་ནཱ་མ་ཏྱ་མ་ཨུད་ཏ་ར་ནི།
172b5 མདོ་ལ་ན། ད་ལ་བྷ་ནི། ད་སཱ་བྷ་རྦེ། མ་པཱད་ལཱ་ནི། ཙ་ལཱ་ནི། ཨུརྠེ། ཙཀྲ་དྷ་ཀི། མ་ཧཱ་ཙཀྲ་བྷ་ཀི། ཤ་བ་རི། ཤ་བ་རི། མ་ཧཱ་ཤ་བ་རི། བྷུ་ཙིདགི་ནི། བྷཱ་ཙི་རིང་གི་ན། ནི་མི་ནི་མིང་གི་ནི། ནི་མིན་དྷ་རི་བྷུ་ཏ་ནི་སྭཱ་ཧཱ།
172b6 ཐཱ། ཨེ་ཏུ་ཏུ་ཏུ། ན་ཏུ་མི་རྣི། ཀེརྣི་ཨི་ད་ཀུ། སུད་ཏ་རི་ཙ་ལ་ལ། ནར་ཏ། ནར་མ་ལུ་ལུ། གི་ལུ་ལུ། ཨ་བ་ཏྲ་ནོ་ན། ཤོ་ཀ་ནིར། བྷ་ར་དྷ་ས་ལེ། ཏ་ར་ཀྲེ་ཏི་ར་དྷཱ་ཏུ། ནོད་ཏུ། ཏི་ལཱ་ལུ། བ་ཏ་བྷ་ཏི། ཡ་བྷཱ་ཏི་ཡེ་ཤེ་སྭཱ་ཧཱ།
172b7 ཏདྱ་ཐཱ། ཨ་ར་ཀཱ་ཏེ། ན་ར་ཀཱ་ཏེ། བེ་སུ་ཀ། བ་ཡེ་ཡེ། ཀ་བོ་ཏ་ཀ་བ་ཡེ་ཡེ་ཏ་བྷོ་ཏ་ནེ་སྭཱ་ཧཱ།། དགེ་སློང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་སེམས་ཅན་ཐམས་ཅད་རྗེས་སུ་གཟུང་བའི་ཕྱིར་མཚན་མོ
172b8 བཟང་པོའི་མདོ་སྡེ་འདིའི་དོན་དང་། ཚིག་དང་། ཚིགས་སུ་བཅད་པ་དང་། འགྲོ་ལྡིང་བའི་སྔགས་ཀྱི་གཞིའི་ཅད་དམ། འཛིན་ཏམ། ཀློག་གམ། ཡིད་ལ་བྱེད་དམ། ཀུན་ཆུབ་པར་བྱེད་དམ། གཞན་དག་ལ་འང་རྒྱ་ཆེར




iiif viewer powered by OpenSeadragon

172a - 173a

Texts on this page

Q979 - 'phags pa mtshan mo bzang po zhes bya ba'i mdo