e-texts navigator
Collection
Volume
Page
Wylie

172a1 མཆིའོ། ། རྒྱལ་པོ་ཁབ་ཀྱི་འོད་མའི་ཚལ་བྱ་ཀ་ལན་དག་གནས་པ་ན་བཅོམ་ལྡན་འདས་བཞུགས་ཀྱིས། ཁྱོད་བཅོམ་ལྡན་འདས་ཀྱི་ཐད་དུ་སོང་ལ་ཞུས་ཏེ། བཅོམ་ལྡན་འདས་ཀྱིས་དེ་ཁྱོད་ལ་ཇི་ལྟར་ལུང
172a2 བསྟན་པ་དེ་བཞིན་དུ་ཟུང་ལ་བརྩོན་པར་གྱིས་ཤིག་ཅེས་སྨྲས་ནས། ལྷ་དེ་དེ་ཉིད་དུ་མི་སྣང་བར་གྱུར་ཏོ།། བཙུན་པ་བཅོམ་ལྡན་འདས་དེའི་སླད་དུ་བདག་འདིའི་དོན་ཡོངས་སུ་ཞུའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང
172a3 ཁྱོད་ཀྱིས་ལྟ་དེ་ཤེས་སམ། དགེ་སློང་དེས་གསོལ་པ། བཙུན་པ་བདག་གིས་ལྕེ་དེ་མ་མཚལ་ཏོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་བུ་དེ་ནི་སུམ་བཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱི་སྡེ་དཔོན་ཏེ།
172a4 ཙན་དན་ཞེས་བྱའོ།། དགེ་སློང་དེས་གསོལ་བ། བཙུན་པ་བདག་མཚན་མོ་བཟང་པོའི་མདོ་སྡེ་ཐོབ་པར་འཚལ་ལོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་ཁྱོད་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། ངས
172a5 ཁྱོད་ལ་བཤད་པར་བྱའོ། ། དགེ་སློང་ཆོས་གསུམ་དང་ལྡན་ན་དགེ་སློ་མཚན་མོ་བཟང་པོའི་མདོ་སྡེ་ལ་གནས་པ་ཞེས་བྱའོ།། གསུམ་གང་ཞེ་ན། འདི་ལྟ་སྟེ། འདས་པ་ལ་རྗེས་སུ་ཕྲད་པར་མི་བྱེད་པ་དང་། མ་འོངས་པ་ལ་རེག་པ་མེད
172a6 པ་དང་། ད་ལྟར་བྱུང་བའི་ཆོས་རྣམས་ཀྱིས་མི་འཕྲོགས་པར་གནས་པའི་ཆོས་ཅན་ཏེ། ཆོས་གསུམ་པོ་དེ་དག་དང་ལྡན་ན་དགེ་སློང་མཚན་མོ་བཟང་པོའི་མདོ་སྡེ་ལ་གནས་པ་ཞེས་བྱའོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས
172a7 བཀའ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད་གསུངས་ནས། སྟོན་པས་གཞན་ཡང་འདི་སྐད་གསུང་ངོ་།། འདིས་ལ་རྗེས་སུ་ཕྲད་མི་བྱེད།། མ་འོངས་པ་ལ་རེ་བ་མེད།། འདས་པ་གང་ཡིན་དེ་འགགས་ཏེ། མ་འོངས
172a8 དེ་ནི་མ་བྱིན་པའོ། ། གང་དག་ད་ལྟར་བྱུང་བའི་ཆོས།། དེ་དང་དེ་ལ་རབ་བལྟས་ནས། རྣམ་པར་རྟོག་པས་མི་འཕྲོགས་པར། དེ་དག་ཐམས་ཅད་ཁོང་དུ་ཆུད།། སད་ཙམ་ཤི་ཡང་སུ་ཤེས་ཀྱིས།། དེ་རིང་ཉིད་དུ་བཙུན




iiif viewer powered by OpenSeadragon

171b - 172b

Texts on this page

Q979 - 'phags pa mtshan mo bzang po zhes bya ba'i mdo