| | e-texts navigator
|
171b1 ནས་ལྷ་ཁ་དོག་མཆོག་དང་ལྡན་པ་ཞིག་ནམ་སྲོས་ནས་དགེ་སློང་དེ་ག་ལ་བ་དེར་སོང་སྟེ་ཕྱི་ནས་ཆུ་ཏ་བོ་ཏའི་འགྲམ་ཐམས་ཅད་སྣང་བ་རྒྱ་ཆེན་པོས་ཁྱབ་པར་སྣང་བར་བྱས་ཏེ། དགེ་སློང་དེ་ལ་འདི་སྐད་ཅེས་སྨྲས་སོ།། དགེ་སློང་ཁྱོད
171b2 ཀྱིས་མཚན་མོ་བཟང་པོའི་མདོ་སྡེ་ཤེས་སམ། ངས་འདི་སྐད་ཅེས་སྨྲས་སོ།། ལྷ་བདག་གིས་ནི་མཚན་མོ་བཟང་པོའི་མདོ་སྡེ་མ་འཚལ་ན། ལྷ་ཁྱོད་ཀྱིས་མཚན་མོ་བཟང་པོའི་མདོ་སྡེ་མཁྱེན་ཏམ་མི་མཁྱེན་དེས་འདི་སྐད་ཅེས་སྨྲས་སོ།། དགེ
171b3 སློང་བདག་གིས་ཀྱང་མཚན་མོ་བཟང་པོའི་མདོ་སྡེ་མི་ཤེས་སོ། ། ལྷ་འོན་མཚན་མོ་བཟང་པོའི་མདོ་སྡེ་འཚལ་བ་ད་ལྟར་སུ་མཆིས། དེས་འདི་སྐད་ཅེས་སྨྲས་སོ།། རྒྱལ་པོའི་ཁབ་ཀྱི་འོད་མའི་འཚལ་བྱ་ཀ་ལན་ད་ཀ་གནས་པ་འདི་ན་བཅོམ་ལྡན
171b4 འདས་བཞུགས་ཀྱིས། ། ཁྱོད་བཅོམ་ལྡན་འདས་ཀྱི་ཐད་དུ་སོང་ལ་ཞུས་ཏེ། བཅོམ་ལྡན་འདས་ཀྱིས་དེ་ཁྱོད་ལ་ཇི་ལྟར་ལུང་བསྟན་པ་དེ་བཞིན་དུ་ཟུང་ལ་བརྩོན་པར་གྱིས་ཤིག་ཅེས་སྨྲས་ནས། ལྷ་དེ་དེ་ཉིད་དུ་མི་སྣང་བར་གྱུར་ཏོ།། དེ་ནས
171b5 དགེ་སློང་དེ་ནང་བར་ལངས་ནས་བཅོམ་ལྡན་འདས་ག་ལ་བ་དར་སོང་སྟེ། ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། ཕྱོགས་གཅིག་ཏུ་འདུག་ནས་དགེ་སློང་དེས་བཅོམ་ལྡན
171b6 འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཙུན་པ་མ་དང་དགུང་རྨོངས་ནས་བདག་གི་དེར་ལྷ་ཁ་དོག་མཆོག་དང་ལྡན་པ་ཞིག་བདག་ག་ལ་བ་དེར་མཆིས་ཏེ། ཆབ་ཏ་བོ་ཏའི་འགྲམ་ཐམས་ཅད་སྣང་བ་རྒྱ་ཆེན་པོས་ཁྱབ་པར་སྣང་བར
171b7 བགྱིས་ནས་བདག་ལ་འདི་སྐད་འཆིའོ། ། དགེ་སློང་ཁྱོད་ཀྱིས་མཚན་མོ་བཟང་པོའི་མདོ་སྡེ་ཤེས་སམ། བདག་གིས་དེ་ལ་འདི་སྐད་ཅེས་བགྱིས་སོ།། ལྷ་བདག་གིས་ནི་མཚན་མོ་བཟང་པོའི་མདོ་སྡེ་མ་འཚལ་ན། ལུ་ཁྱོད་ཀྱི་ས་ལ
171b8 མཚད་མོ་བཟང་པོའི་མདོ་སྡེ་མཁྱེན་ཏམ་མི་མཁྱེན། དེ་འདི་སྐད་ཅེས་མཆིའོ།། དགེ་སློང་བདག་གིས་ཀྱང་མཚན་མོ་བཟང་པོའི་མདོ་སྡེ་མི་ཤེས་སོ།། ལྷ་འོ་ན་མཚན་མོ་བཟང་པོའི་མདོ་སྡེ་འཚལ་བ་ད་ལྟར་སུ་མཉིས།། དེ་འདི་སྐད་ཅེས
iiif viewer powered by OpenSeadragon
171a - 172a