| | e-texts navigator
|
171a1 ཁྱེད་ལ་བདེ་ལེགས་མཛད། བརྒྱ་བྱིན་ལྷར་བཅས་བདེ་ལེགས་དང་།། འབྱུང་པོ་ཀུན་ཀྱང་བདེ་ལེགས་ནི། ཁྱེད་ལ་རྟག་ཏུ་སྦྱིན་གྱུར་ཅིག། སངས་རྒྱས་བསོད་ནམས་མཐུ་དག་དང་། ལྷ་རྣམས་ཀྱིས་ནི་བསམས་པ་ཡི།། ཁྱེད་ཀྱི
171a2 དོན་འདོད་གང་ཡིན་པ། ། དོན་དེ་དེ་རིང་འགྲུབ་གྱུར་ཅིག། རྐང་གཉིས་ཁྱེད་ཅག་བདེ་ལེགས་ཤོག། རྐང་བཞི་ཁྱེད་ཅག་བད་ལེགས་ཤོག། ཁྱེད་ཅག་ལམ་འགྲོ་བ་དེ་ལེགས་ཤོག། ཕྱིར་འོད་རྣམས་ཀྱང་བདེ་ལེགས་ཤོག། ཉིན་མོ་བདེ
171a3 ལེགས་མཚན་བདེ་ལེགས། ། ཉི་མ་གུང་ལའང་བདེ་ལེགས་ཤིང་།། ཁྱེད་ཅག་ཀུན་དུ་བདེ་ལེགས་ཤོག། ཁྱེད་ཅག་སྡིག་པར་མ་གྱུར་ཅིག། སངས་རྒྱས་ལྷ་རྣམ་སྟོང་དག་གིས།། ཡོངས་སུ་བསྐོར་ཏེ་གཤེགས་མཛད་ཀྱིས། སྔར་སེམས
171a4 ལྡན་པ་རྣམས་བྱེར་ཅིག། སྙིང་རྗེའི་བདག་ཉིད་ཅན་རྣམས་འཁོད།། སངས་རྒྱས་རང་སངས་རྒྱས་རྣམས་དང་།། དགྲ་བཅོམ་སློབ་པའི་བདེན་ཚིག་གིས། འཇིག་རྟེན་མི་ཕན་བྱེད་པ་རྣམས།། གྲོང་ཁྱེར་འདི་ནི་གཏོད་གྱུར་ཅིག།
171a5 སེམས་ཅན་ཀུན་དང་སྲོག་ཆགས་ཀུན། འབྱུང་པོ་ཀུན་དང་ཁྱེད་ཅག་ཀུན། བདེ་བ་འབའ་ཤིག་ལྡན་གྱུར་ཅིག། ཐམས་ཅད་ནད་རྣམས་མེད་པར་ཤོག། ཀུན་གྱིས་བཟང་རྣམས་མཐོང་གྱུར་ཅིག། གང་ཡང་སྡིག་པར་མ་གྱུར
171a6 ཅིག། འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཅིང་།། ས་དང་བར་སྣང་གནས་པ་རྣམས།། སྐྱེ་དགུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཤོག། ཉིན་དང་མཚན་དུ་ཆོས་ཀྱང་སྤྱོད་གྱུར་ཅིག། འཕགས་པ་ཡངས་པའི་གྲོང་ཁྱེར་དུ
171a7 འཇུག་པའི་མདོ་ཆེན་པ། རྫོགས་ཀྱི།། བྷ་གར་སྐད་དུ། ཨཱ་རྱཱ་བྷ་དྲ་ཀ་ཏྲི་ནཱ་མ་སྥཱཿ། བོད་སྐད་དུ། འཕགས་པ་མཚན་མོ་བབང་པོ་ཞེས་བྱ་བའི་མདོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ
171a8 ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་ཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་བཞུགས་ཏེ། དེའི་ཚེ་དགེ་སློང་ཞིག་རྒྱལ་པོའི་ཁབ་ཀྱི་ཆུ་ཏེ་པོ་ཏའི་འགྲམ་ན་འདུག་གོ། དེ
iiif viewer powered by OpenSeadragon
170b - 171b