e-texts navigator
Collection
Volume
Page
Wylie

167a1 བསྟེ་དེ་བས་ཉེ་བ་ཤི་བདེ། དེ་ལྟར་རབ་ཏུ་འབར་བ་ལ། དགའ་བྱར་ཅི་ཡོད་མགུར་ཅི་ཡོད། མུན་པའི་ནང་ཞུགས་གནས་པ་དག། ཅི་ཕྱིར་སྒྲོན་མཚོལ་མི་བྱེད། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས
167a2 བཀའ་སྩལ་ནས། དགེ་སློང་དེ་དག་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། མི་རྟག་པ་ཉིད་ཀྱི་མདོ།། རྫོགས་སྷོ།། །། རྒྱ་གར་སྐད་དུ། ཨཱརྱ་ས་ཛྙཱ་ན་ཨེ་ཀཱ་དྷ་ཨུ0f7f
167a3 དཤ་སཱུ་ཏྲ། བོད་སྐད་དུ། འཕགས་པ་འདུ་ཤེས་བཅུ་གཅིག་བསྟན་པའི་མདོ།། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཀུ་ཤའི་གྲོང
167a4 ཁྱེར་ན་གྱད་ཀྱི་ཉེ་འཁོར་ཤིང་ས་ལ་ཟུང་གི་ཚལ་ན་བཞུགས་ཏེ། ཡོངས་སུ་མྱ་ངན་ལས་འདའ་བའི་དུས་ཀྱི་ཚེ་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ནམ་འཆི་བའི་དུས་ཀྱི་ཚེ་དགེ་སློང་གིས
167a5 འདུ་ཤེས་བཅུ་གཅིག་མངོན་དུ་བྱའོ། ། བཅུ་གཅིག་གང་ཞེ་ན། འདི་ལ་མ་ཆགས་པའི་འདུ་ཤེས་དང་། སེམས་ཅན་ཐམས་ཅད་ལ་བྱམས་པའི་འདུ་ཤེས་དང་། ཁོན་དུ་འཛིན་པ་ཐམས་ཅད་ཡོངསསུ་དོར་བའི
167a6 འདུ་ཤེས་དང་། འཆལ་བའི་ཚུལ་ཁྲིམས་ཐམས་ཅད་གཤེགས་པའི་འདུ་ཤེས་དང་། ཚུལ་ཁྲིམས་ཐམས་ཅད་ཡང་དག་པར་བླང་བའི་འདུ་ཤེས་དང་། ཉེས་པ་ཆེན་པོ་བྱས་པ་དག་ལ་ཡང་ཡང་བའི་འདུ་ཤེས་དས།
167a7 དགེ་བའི་རྩ་བ་ཆུང་ངུ་དག་ལ་ཆེ་བའི་འདུ་ཤེས་དང་། འཇིག་རྟེན་ཕ་རོལ་དག་ལ་འཇིགས་པ་མེད་པའི་འདུ་ཤེས་དང་། འདུས་བྱས་ཐམས་ཅད་ལ་མི་རྟག་པའི་འདུ་ཤེས་དང་། ཆོས་ཐམས་ཅད་ལ་བདག
167a8 མེད་པའི་འདུ་ཤེས་དང་། མྱ་ངན་ལས་འདས་པ་ནི་ཞི་བའོ་སྙམ་པའི་འདུ་ཤེས་མངོན་དུ་བྱའོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་དགེ་སློང་དེ་དག་ཡིད་རངས་ཏེ་བཅོམ་ལྡན་འདས་ཀྱིས་གས




iiif viewer powered by OpenSeadragon

166b - 167b

Texts on this page

Q976 - mi rtag pa nyid kyi mdo
Q977 - 'phags pa 'du shes bcu gcig bstan pa'i mdo