| | e-texts navigator
|
165a1 རྒྱ་གར་སྐད་དུ། ཨ་ནི་ཏྱཏ་སཱུ་ཏྲ། བོད་སྐད་དུ། མི་རྟག་པ་ཉིད་ཀྱི་མདོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན
165a2 ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཆོས་བཞི་པོ་འདི
165a3 དག་ནི་འཇིག་རྟེན་ཐམས་ཅད་ལ་སྡུག་པ། དབེན་པ། ཕངས་པ། ཡིད་དུ་འོང་བ། མངོན་པར་དགའ་བར་བྱ་བའོ།། བཞི་གང་ཞེ་ན། དགེ་སློང་དག་ནད་མེད་པ་ནི་འཇིག་རྟེན་ཐམས་ཅད་ལ་སྡུག་པ།། དབེན་པ། ཕངས་པ། ཡིད་དུ་འོང་བར་མངོན་པ
165a4 དགའ་བར་བྱ་བའོ། ། ནད་མེད་པ་དེའི་མཐའ་ཡང་ནད་ཡིན་ཏེ། དགེ་སློང་དག་ནད་ནི་འཇིག་རྟེན་ཐམས་ཅད་ལ་མི་སྡུག་པ། མི་དབེན་པ། མི་ཕངས་པ། ཡིད་དུ་མི་འོང་བ་མངོན་པར་དགའ་བར་བྱ་བ་མ་ཡིན་པའོ།། དགེ་སློང་དག་ལང་ཚོ་ནི་འཇིག
165a5 རྟེན་ཐམས་ཅད་ལ་སྡུག་པ། དབེན་པ། ཕངས་པ། ཡིད་དུ་འོང་བ་མངོན་པར་དགའ་བར་བྱ་བའོ།། ལ་ཚོ་འདིའི་མཐའ་ཡང་རྒ་བ་ཡིན་ཏེ།། དགེ་སློང་དག་རྒ་བ་ནི་འཇིག་རྟེན་ཐམས་ཅད་ལ་མི་སྡུག་པ། མི་དབེན་པ། མི་ཕངས་པ། ཡིད
165a6 དུ་མི་འོང་བ། མངོན་པར་དགའ་བར་བྱ་བ་མ་ཡིན་པའོ།། དགེ་སློང་དག་འབྱོར་པ་ནི་འཇིག་རྟེན་ཐམས་ཅད་ལ་སྡུག་པ། དབེན་པ། ཕངས་པ། ཡིད་དུ་འོང་བ་མངོན་པར་དགའ་བར་བྱ་བའོ།། འབྱོར་བ་དེའི་མཐའ་ཡང་རྒུད་པ་ཡིན་ཏེ། དགེ
165a7 སློང་དག་རྒུང་བ་ནི་འཇིག་རྟེན་ཐམས་ཅད་ལ་མི་སྡུག་པ། མི་དབེན་པ། མི་ཕངས་པ། ཡིད་དུ་མི་འོང་བ། མངོན་པར་དགའ་བར་བྱ་བ་མ་ཡིན་པའོ།། དགེ་སློང་དག་སྲོག་ནི་འཇིག་རྟེན་ཐམས་ཅད་ལ་སྡུག་པ། དབེན་པ། ཕངས་པ།
165a8 ཡིད་དུ་འོང་བ་མངོན་པར་དགའ་བར་བྱ་བའོ།། སྲོག་དེའི་མཐའ་ཡང་འཆི་བ་སྟེ། དགེ་སློང་དག་འཆི་བ་ནི་འཇིག་རྟེན་ཐམས་ཅད་ལ་མི་སྡུག་པ། མི་དབེན་པ། མི་ཕངས་པ། ཡིད་དུ་མི་འོང་བ། མངོན་པར་དགའ་བར་བྱ་བ་མ་ཡིན་པའོ།།
iiif viewer powered by OpenSeadragon
164b - 165b