| | e-texts navigator
|
147b1 དྲུང་བ་ཉིད་སྐབས་ཕྱེ་བ་ནི་རྐྱེན་དེ་ལྟ་བུ་འམ། ཁྱིམ་དུ་ཞུགས་པ་ལས་ཆར་གྱིས་ནོན་ན། དེ་ཉིད་དུ་སྐྱ་རེང་ཤར་ཡང་ཤིང་དྲུང་བ་ཉིད་ཉམས་པར་མི་འགྱུར་རོ།། དགོན་པ་པའི་སྐབས་ཕྱེ་བ་ཇི་སྙེད་པ་ནི་ཤིང་དྲང་བ་ཉིད་དང་། བླ་གབ་མེད་པ་ཉིད་དང་། དུར་ཁྲོད་པ་ཉིད་ལ་ཡང
147b2 བལྟ་བར་བྱའོ། ། གཞི་ནི་བཞིན་པ་ཉིད་ཀྱི་སྐབས་ཕྱེ་བས་ནི་རྐྱེན་དེ་ལྟ་བུ་ཡོད་ལ་གཞན་གྱིས་གནས་ལམ་རྙེད་ན་རྗེ་སུ་གན་དངོ་ཅོག་བུ་བ་ལ་ནི་སྐབས་བྱེ་བ་མེད་དོ།། ཁ་ཅིག་ན་རེ་སྣའི་དབྱང་བྱེད་ན་སྐབས་ཕྱེ་བར་བྱ་སྟེ། ཅོག་བུ་པ་ཉིད་ཉམས་པར་མི་འགྱུར་གནས་ཟེར་རོ།།
147b3 སྦྱངས་པའི་ཡོན་བཅུ་གསུམ་པོ་དེ་དག་ནི་མདོར་བསྡུས་ན་བརྒྱད་ཁོ་ནར་འགྱུར་ཏེ། ཆོས་མངོན་པ་ལས་ཇི་སྐད་དུ་སྦྱངས་པའི་ཡོན་ཏན་ནི་བརྒྱད་དོ་ཞེས་འབྱུང་བ་ལྟ་བུའོ།། གལ་ཏེ་དེ་ཇི་ལྟ་བུ་ཡིན་ཞེ་ན། ཟས་ཆོག་པ་ཉིད་དང་། སྟན་གཅིག་པ་ཉིད་ནི་ཟས་ཕྱིས་མི་ལེན་པ་ཉིད་ཀྱི་ན
147b4 དུ་འདུ་བར་འགྱུར་རོ། ། དེ་ཅིའི་ཕྱིར་ཞེ་ན། གཟུང་བའི་མཐའའི་བདག་ཉིད་ཀྱི་རང་སྐལ་ཅིག་ལེན་པ་ཡིན་ཏེ། དེ་ལྟ་བས་ན་ཟས་ཆོག་པ་པ་ཉིད་ཀྱི་ནང་དུ་འདུ་བར་འགྱུར་རོ།། ཡང་ལན་གཉིས་སུ་མི་ཟ་སྟེ། དེ་ལྟ་བས་ན་སྐད་གཅིག་པ་ཉིད་དུ་འདུ་བར་འགྱུར་རོ།། ཤིང་དྲུང
147b5 པ་ཉིད་དང་། བླ་གབ་མེད་པ་ཉིད་དང་། དུར་ཁྲོད་པ་ཉིད་ནི་དགོན་པ་པ་ཉིད་ཀྱི་ནང་དུ་འདུ་བར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། དགོན་པ་པ་ནི་དགོན་པར་སྤྱིལ་བུ་དང་། ཡང་ཐོག་ལ་སོགས་པ་བྱེད་ན་ལས་ལ་དགའ་བ་ཉིད་དང་། ཡོངས་སུ་འཛིན་པ་དང་། ཆགས་པ་ནི་བདག་གི
147b6 ཆ་མ་ཡིན་ནོ་སྙམ་ནས་ཤིང་དྲུང་ངམ། བླ་གབ་མེད་པ་འམ། དུར་ཁྲོད་དུ་གནས་སོ།། དེ་ལྟ་བས་ན་བརྒྱད་ཁོ་ནར་འགྱུར་ལ། བརྒྱད་པོ་དེ་དག་ཀྱང་དགོན་པ་པ་ཉིད་དང་། ཕྱག་དར་ཁྲོད་པ་ཉིད་དང་། བསོད་སྙོམས་པ་ཉིད་དང་གསུམ་གྱིས་རྫོགས་པར་འགྱུར་རོ།། དེ་ལྟར
147b7 ན་སྦྱངས་པའི་སྒོ་གསུམ་རྫོགས་པར་བྱེད་ན། སྦྱངས་པའི་ཡོན་ཏན་ཐམས་ཅད་རྫོགས་པར་འགྱུར་རོ།། དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མཛེས་དགའ་བོ་ལ་བརྟེན་ནས་དགའ་བོ་ནམ་ཞིག་དགོན་པ་དང་། ཕྱག་དར་ཁྲོད་པ་དང་། ངན་དོན་གྱིས་འཚ
147b8 ཞིང་འདོད་པ་རྣམས་ལ་ནི་ལྟ་བ་མེད་པ་མཐོང་ཞིག་གུ་ཞེས་གསུངས་སོ། ། དེ་ལ་སྦྱངས་པའི་ཡན་ལག་ནི་ཅི་ཞིག་ཡིན། སྦྱངས་པའི་ཆོས་ནི་རུ་ཞིག་ཡོད། ཅི་སྤྱོད་པའི་གང་ཟག་ནི་སྦྱངས་པའི་ཡོན་ཏན་བསྟན་པར་དགའ། སྦྱངས་པའི་ཡན་ལག་ནི་དུ་ཞིག། མཐར་ཐུག་པ
iiif viewer powered by OpenSeadragon
147a - 148a