| | e-texts navigator
|
147a1 ཉིད་ཉམས་པར་མི་འགྱུར་རོ། ། ཆོས་གོས་གསུམ་པ་ཉིད་ཀྱི་སྐབས་ཕྱེ་བ་ནི་ཁ་བསྐད་པའི་ར་བ་ཡོད་ན་གོས་ལྷ་གཞག་བཅུར་འཆང་བ་དང་གནས་མལ་སྲུང་བའི་ཕྱིར་གདིང་བ་དང་། སྟེང་དུ་གདིང་བ་དང་། ནད་ཀྱི་རྐྱེན་གཡན་པ་དགབ་པ་དང་། གདོད་ཕྱིས་ཀྱི་གོས་དང
147a2 དབྱ་གྱེ་རས་ཆེན་དང་གཞན་གྱི་རུང་བ་བཅོལ་བ་སྐབས་བྱེ་བས་བླང་བར་བྱ་སྟེ། ཆོས་གོས་གསུམ་པ་ཉིད་ཉམས་པར་མི་འགྱུར་རོ།། བསོད་སྙོམས་པ་ཉིད་ཀྱི་སྐབས་བྱེ་བ་ནི་བསྐོས་པའི་ཟས་དང་། ཚུལ་ཤིང་གི་ཟས་དང་། ཟླ་བ་བྱེད་པའི་ཟས་དང་། གས
147a3 སྤྱོད་པ་དང་དགེ་འདུན་གྱི་ཟས་དང་། གཙུག་ལག་ཁང་གི་ཟས་སྐབས་ཕྱེ་བས་ཡོངས་སུ་ལོངས་སྤྱོད་པར་བྱ་སྟེ། བསོད་སྙོམས་པ་ཉིད་འཇིག་པར་མི་འགྱུར་རོ།། འོན་ཀྱང་ཉེས་དམིགས་སུ་ལྟ་བས་ནི་ཡོངས་སུ་ལོངས་སྤྱོད་པར་བྱའོ།། མཐར
147a4 ཆགས་སུ་རྒྱུ་བ་ཉིད་ཀྱི་སྐབས་བྱེ་བ་ནི་ཁྱིམ་གྱི་སྒོ་ན་གླང་པོ་ཆེ་དང་། རྟ་འམ། ཁྱུ་མཆོག་གམ། ཁྱི་འམ། འཐབ་པ་འམ། ངོ་ཚ་བར་འགྱུར་བ་དེ་ལྟ་བུ་གཞན་མཐོང་ནས། ཐོད་རྒལ་དུ་རྒྱུ་བ་དང་། ཟས་བཟར་མི་རུང་བའི་ཁྱིམ་འམ་ལྷུར་བཟེད
147a5 ཁ་སྦུབ་པ་འམ། སློང་བར་གྲགས་པའི་ཁྱིམ་རྒལ་ནས་རྒྱུ་བ་དང་། སློབ་དཔོན་ནམ། མཁན་པོ་འམ། གློ་བུར་བ་འམ། ལྷན་ཅིག་རྒྱུན་སྐབས་ཕྱེ་བས་ཐོད་རྒལ་དུ་ཡང་རྒྱུ་བར་བྱ་སྟེ། མཐར་ཆགས་སུ་རྒྱུ་བ་ཉིད་ཉམས་པར་མི་འགྱུར་རོ།། སྟན
147a6 གཅིག་པ་ཉིད་ཀྱི་སྐབས་ཕྱེ་བ་ནི་ཟས་ཟ་བ་ན་གླང་པོ་ཆེའམ། རྟའམ། ཁྱུ་མཆོག་གམ། སྦྲུལ་ལམ་ཐོག་འབབ་པའམ་མཁན་པའམ་སློབ་དཔོན་ནམ། གློ་བུར་པ་འོངས་པ་མཐོང་ནས། གལ་ཏེ་ལངས་པར་གྱུར་ནི་སྐབས་ཕྱེ་བས་ཡང་བཟའ་བར་བྱ་སྟེ།
147a7 ན་གཅིག་པ་ཉིད་འཇིག་པར་མི་འགྱུར་རོ་ཐོས་ཆོག་པ་ཉིད་གནས་ཀྱིས་མ་ལེན་པ་ཉིད་ལ་ནི་གཔས་བྱེ་བ་མེད།། ། དོན་པ་ཉིད་ཀྱི་སྐབས་བྱ་བ་ནི་བསྙེན་པར་རྫོགས་པར་ལས་ཀྱི་ཆེད་དམ། ལྟུང་བ་ལས་བསླད་པའི་ཆེད་དམ། ཆོས་ཉན་པའི་ཆེད་དམ། གས
147a8 སྤྱོད་འམ། ངག། དབྱེ་འམ། ན་བ་འམ། ནད་པའ་བྱ་བའམ། མངོན་པར་མི་ཤེས་པའི་མདོ་ཀུན་ཆུབ་པར་བྱ་བ་འམ། གཞན་ཡང་དེ་ལྟ་བུའི་རྐྱེན་ཡོད་ན་སྐབས་ཕྱེ་བས་གྲོང་མཐར་གནས་པར་བྱ་སྟེ། དགོན་པ་པ་ཉིད་འཇིག་པར་མི་འགྱུར་རོ།། ཤིང
iiif viewer powered by OpenSeadragon
146b - 147b