e-texts navigator
Collection
Volume
Page
Wylie

145b1 ཏན་དག་ཀྱང་མཐོང་ནས་འདི་སྐད་དུ། དེང་སླན་ཆད་གཡོགས་པར་གནས་པ་སྤོང་སྟེ། ཤིང་དྲུང་བ་ཉིད་ཡང་དག་པར་ལེན་ཏོ་ཞེས་ཡང་དག་པར་ལེན་ཏོ།། དེ་ལ་ཤིང་དྲུང་བ་ཉིད་ཀྱི་ཡོན་ཏན་ནི་འདི་དག་ཡིན་ཏེ། གནས་དམ་བཅས་པ་དང
145b2 འཐུན་པ་ཉིད་དང་། ཡོ་བྱད་བསྙུངས་པ་ཉིད་དང་། ལས་ལ་དགའ་བ་ཡོངས་སུ་སྤོང་བ་ཉིད་དང་། ལྷས་བསྐུལ་བ་ཉིད་དང་། གནས་ལ་སེར་སྣ་སྤོང་བ་ཉིད་དང་། ཆགས་པ་རབ་ཏུ་བཅོད་པ་ཉིད་དང་། སྐྱེས་བུ་དམ་པའི་སྤྱོད་པ་ཉིད་དང་། ཡོ་བྱད
145b3 སྤངས་པ་སྟེ་དེ་ལྟ་བུ་ལ་སོགས་པ་ནི་ཤིང་དྲུང་བ་ཉིད་ཀྱི་ཡོན་ཏན་དག་ཡིན་ནོ། ། ཤིང་དྲུང་གི་ཚད་ཇི་ཙམ་ཞིག་ཡིན། ཤིང་དྲུང་བ་ཇི་ལྟ་བུ་ནི་སྤང་བར་བྱ། ཤིང་དྲུང་བ་ནི་གང་ཡིན། གང་གིས་ནི་ཤིང་དྲུང་བ་ཉིད་འཇིག་ཅེ་ན། ཉི་མགུང
145b4 གིདུས་སུ་གྲིབ་མས་ཇི་སྲིད་ཁྱབ་པ་དང་། རླུང་མེད་པར་ལོ་མ་དག་ཇི་སྲིད་དུ་ལྷགས་པ་དེ་སྲིད་ནི་ཤིང་དྲུང་གི་ཚད་ཡིན་ནོ།། ཤིང་དྲུང་བས་སྡོང་རྒན་དང་། ཤིང་ཁོང་སྟོང་དང་། ཤིང་ཉེན་ཅན་སྤང་བར་བྱའོ།། ཤིང་དྲུང་བ་ནི་གཡོགས་པར་གནས
145b5 པ་སྤོང་བ་ཡིན་ནོ། ། གཡོགས་པར་གནས་པས་ནི་ཤིང་དྲུང་བ་ཉིད་འཇིག་གོ། བླ་གབ་མེད་པ་ཉིད་ཇི་ལྟར་ཡང་དག་པར་ལེན་ཅེ་ན། གཡོགས་པ་དང་། ཤིང་དྲུང་གི་གནས་ཚོལ་བ་དང་། ཡོངས་སུ་བཟུང་བས་ཡོ་བྱད་བསྙུངས་པ་མ་ཡིན་པའི
145b6 ཉེས་དམིགས་ཀྱང་མཐོང་ནས་འདི་སྐད་དུ་དེང་སླན་ཆད་གཡོགས་པ་དང་། ཤིང་དྲུང་དུ་གནས་པ་སྤོང་སྟེ། བླ་གབ་མེད་པ་ཉིད་ཡང་དག་པར་ལེན་ཏོ་ཞེས་ཡང་དག་པར་ལེན་ཏོ།། དེ་ལ་བླ་གབ་མེད་པའི་ཡོན་ཏན་ནི་འདི་དག་ཡིན་ཏེ། བརྩོན།
145b7 པ་མི་གཏོང་བ་ཉིད་དང་། རྨུགས་པ་དང་གཉིད་སྤང་བ་དང་། རི་དགས་ལྟ་བུ་ཉིད་དང་། ཕྱོགས་གཞི་ཕྱུང་བ་དང་། རྟེན་པ་མེད་པ་ཉིད་དང་། སྐྱེས་བུ་དམ་པའི་སྤྱོད་པ་ཉིད་དང་། ཡོ་བྱད་བསྙུངས་པའི་ཚུལ་ཅན་ཏེ། དེ་ལྟ་བུ་ལ་སོགས་པ་ནི་བླ
145b8 གབ་མེད་པ་ཉིད་ཀྱི་ཡོན་ཏན་དག་ཡིན་ནོ། ། བླ་གབ་མེད་པ་ནི་གང་ཞིག་ཡིན།། གང་གིས་བླ་གབ་མེད་པ་ཉིད་འདི་འཇིག་ཅེ་ན། བླ་གབ་མེད་པ་ནི་གཡོགས་པ་དང་། ཤིང་དྲུང་དུ་གནས་པ་སྤོང་བ་ཡིན་ནོ།། གཡོགས་པ་དང་ཤིང་དྲུང་ན་གནས་པས་ནི། བླ་གབ་མེད་པ་ཉིད




iiif viewer powered by OpenSeadragon

145a - 146a

Texts on this page

Q972 - rnam par grol ba'i lam las sbyangs pa'i yon tan bstan pa zhes bya ba