| | e-texts navigator
|
144a1 ཡིན། རྙེངས་པར་རྒྱུ་བ་གང་གིས་སྤོང་། གང་གིས་ནི་མཐར་ཆགས་སུ་རྒྱུ་བ་ཉིད་འཇིག་ཅེ་ན། མཐར་གྱིས་རྒྱུ་བ་ནི་བསོད་སྙོམས་སྤྱོད་པ་ན་ཁྱིམ་དང་པོ་ནས་བཟུང་སྟེ་ཁྱིམ་མཐར་ཆགས་སུ་རྒྱུ་བ་ཡིན་ནོ།། མཐང་ཆགས་སུ་རྒྱུ་བ་ནི་རྙོགས
144a2 པར་རྒྱུ་བ་སྤོང་བ་ཡིན་ནོ། ། རྙོགས་པར་ཆུ་བས་ནི་མཐར་ཆགས་སུ་རྒྱུ་བ་ཉིད་འཇིག་གོ།། སྟན་གཅིག་པ་ཉིད་ཇི་ལྟར་ཡང་དག་པར་ལེན་ཅན། ལན་གཉིས་སུ་འདུག་སྟེ་ཟན་ཡང་དང་ཡང་དུ་འདུག་ནས་བྱིན་ལེན་བྱ་པ་དང་། ཡོངས་སུ་ལངས་སྤྱོད་པའི
144a3 བཟའ་བས་ཡོ་བྱད་བསྙུངས་པ་མ་ཡིན་པའི་ཉེས་དམིགས་ཀྱང་མཐོང་ནས་འདི་སྐད་དུ་དེང་སླན་ཆད་ལན་གཉིས་སུ་འདུག་སྟེ་ཟ་བ་སྤོང་སྟེ། སྟན་གཅིག་པ་ཉིད་ཡང་དག་པར་ལེན་ཏོ་ཞེས་ཡང་དག་པར་ལེན་ཏོ།། དེ་ལ་སྟན་གཅིག་པ་ཉིད་ཀྱི་ཡོན་ཏན་འདི
144a4 དག་ཡིན་ཏེ། ཟོས་པ་འཇུ་བ་ཉིད་དང་བརྐམ་ཆགས་མེད་པ་ཉིད་དང་། ཟས་ལྷག་པར་མི་ཟ་བ་ཉིད་དང་། འདོད་པ་ཆུང་བ་ཉིད་དང་། ཟོ་མདོག་བདེ་བ་ཉིད་དང་། རང་གི་ལས་མི་ཉམས་པ་ཉིད་དང་། རེག་པར་གནས་པ་ཉིད་དང་། སྐྱེས་བུ་དམ་པའི་སྤྱོད་པ་ཉིད་དང་།
144a5 ཡོ་བྱད་བསྙུངས་པའི་ཚུལ་ཅན་ཏེ། དེ་ལྟ་བུ་ལ་སོགས་པ་ནི་སྟན་གཅིག་པ་ཉིད་ཀྱི་ཡོན་ཏན་དག་ཡིན་ནོ།། སྟན་གཅིག་པ་ནི་དུ་ཞིག། སྟན་གཅིག་པ་ནི་གང་ཞིག་ཡིན། ཟས་ཀྱི་མཐའ་ནི་གང་ཡིན། གང་གིས་ནི་སྟན་གཅིག་པ་འཇིག་ཅེ་ན། སྟན་ཅིག
144a6 པ་གསུམ་སྟེ་སྟན་གྱི་མཐའ་བ་དང་། ཆུའི་མཐའ་པ་དང་། ཟས་ཀྱི་མཐའ་བའོ།། དེ་ལ་སྟན་གྱི་མཐའ་བ་ཞེས་བྱ་བ་ནི་ཟོས་ནས་སྟན་ལས་ལངས་ཏེ་ཡང་མི་ཟ་བ་ཡིན་ནོ།། ཆུའི་མཐའ་བ་ཞེས་བྱ་བ་ནི་ཟོས་ནས་སྟན་ལ་འདུག་ཀྱང་ལྷུང་བཕྲེད་དུ་ཆུ་དྲངས་ནས
144a7 ཡང་མི་ཟ་བ་ཡིན་ནོ། ། ཟས་ཀྱི་མཐའ་བ་ཞེས་བྱ་བ་ནི་ཟབ་ན་ཁམ་གྱི་ཐ་མ་མིང་ནས་ཡང་མི་ཟ་བ་ཡིན་ནོ།། སྟན་གཅིག་པ་ལནི་ན་གཉིས་སུ་འདུག་སྟེ། ཟ་བ་སྤང་བ་ཡིན་ནོ། ས་ཀྱི་མཐའ་ནི་ཆུ་དང་སྨན་མ་གཏོགས་པ་མེད་པར་བྱ་བ་གང་ཤུང་ཟད་ཅི་ཡང
144a8 རུང་བ་ཡིན་ནོ། ། ལན་གཉིས་སུ་འདུག་སྟེ་ཟབས་སྟན་གཅིག་པ་ཉིད་འཇིག་གོ།། ཟས་ཆོག་པ་པ་ཇི་ལྟར་ཡང་དག་པར་ལེན་ཅེ་ན། ཟས་མང་དུ་ཟེས་ན་ལུས་ལྕི་བར་བྱེད་པ་དང་། ཡུལ་སྐྱེ་བ་དང་། འདོད་ཆེན་ཆེ་བ་ཉིད་དང་། ཡོ་བྱད་བསྙུངས་པ་མ་ཡིན་པའི
iiif viewer powered by OpenSeadragon
143b - 144b