e-texts navigator
Collection
Volume
Page
Wylie

143b1 དག་ཀྱང་མཐོང་ནས་འདི་སྐད་དུ་དེང་སླན་ཆད་འགྲོན་དུ་འགྲོ་བ་སྤོང་སྟེ། བསོད་སྙོམས་པ་ཉིད་ཡང་དག་པར་ལེན་ཏོ།། ཞེས་ཡང་དག་པར་ལེན་དོ། དེ་ལ་སོད་སོང་པཉིད་ཀྱི་ཡོད་དན་ནི་འདི་དག་ཡིན་ཏེ། གནས་དམ་བཅས་པ་དང་འཐུན་པ་ཉིད་དང་།
143b2 རང་དབང་ཡོད་པ་ཉིད་དང་། གཞན་གྱི་གསོ་བ་ཉིད་དང་། ལེ་ལོ་མེད་པ་ཉིད་དང་། ང་རྒྱལ་བཅོམ་པ་ཉིད་དང་། སེམས་ཅན་ལ་ཕན་འདོགས་པས་ཞུགས་པ་ཉིད་དང་། རོའི་སྲེད་པ་ལས་ལྡོག་པ་ཉིད་དང་། ཕྱོགས་རྣམས་སུ་ཐོགས་པ
143b3 མེད་པ་ཉིད་དང་། སྐྱེས་བུདམ་པའི་སྤྱོད་པ་ཉིད་དང་། ཡོ་བྱད་བསྲུངས་པའི་ཚུལ་ཅན་ཏེ། དེ་ལྟ་བུ་ལ་སོགས་པ་ནི་བསོད་སྙོམས་པ་ཉིད་ཀྱི་ཡོན་ཏན་དག་ཡིན་ནོ།། འགྲོན་ནི་ཡན་ལག་དུ་བ་ཡིན། བསོད་སྙོམས་པ་གང་ཡིན།། གང་གིས་ནི་བསོད
143b4 སྙོམས་པ་ཉིད་འཇིག་ཅེ་ན། འགྲོ་ན་ནི་ཡན་ལག་གསུམ་པ་སྟེ། ཟས་རྣམས་ལྟ་ཡང་རུང་བ་ཞིག་ལ་དེ་རིང་ངམ་སང་ངམ་ནམ་དགའ་བ་ན་འགྲོན་དུ་བོས་པ་ནི་འགྲོ་ན་ཡིན་ནོ།། བསོད་སྙོམས་པ་ནི་འགྲོན་དུ་འགྲོ་བ་སྤོང་བ་ཡིན་ནོ།། འགྲོ་ན་ཁས
143b5 ལེན་པས་ནི་གསོད་སྙོམས་པ་ཉིད་འཇིག་གོ། མཐར་ཆགས་སུ་རྒྱུ་བ་ཉིད་ཇི་ལྟར་ཡང་དག་པར་ལེན་ཅེ་ན། ནར་མར་སྟེར་བ་ལ་གང་དང་གང་དུ་མང་པོ་དང་གྱ་ནོམ་པ་ནར་མ་རྙེད་པ་དེ་དང་དེ་ཁོ་ནར་འགྲོ་ན་པ་ན་ནར་མ་དང་འདྲ་བས་ཡོ་བྱད་བསྙུངས་པ་མ
143b6 ཡིན་པའི་ཉེས་དམིགས་ཀྱང་མཐོང་། མཐར་ཆགས་སུ་རྒྱུ་བ་ཉིད་ཀྱི་ཡོན་ཏན་དག་ཀྱང་མཐོང་ནས་འདི་སྐད་དུ་དེང་སླན་ཆད་ནར་མར་སྟེར་བ་སྤོང་སྟེ། མཐར་ཆགས་སུ་རྒྱུ་བ་ཉིད་ཡང་དག་པར་ལེན་ཏོ་ཞེས་ཡང་དག་པར་ལེན་ཏོ།། དེ་ལ་མཐར་ཆགས
143b7 སུ་རྒྱུ་བའི་ཡོན་ཏན་ནི་འདི་དག་ཡིན་ཏེ། སེམས་སྙོམས་པ་ཉིད་དང་། སེམས་ཅན་ལ་སྙིང་བརྩེ་བ་ཉིད་དང་། ཁྱིམ་ལ་སེར་སྣ་སྤོང་བ་ཉིད་དང་། ཁྱིམ་དུ་འགྲོ་བའི་ཉེས་དམིགས་མེད་པ་དགའབོད་པ་ལ་མངོན་པར་མི་དགའ་བ་ཉིད་དང་། ཟས་བཟང་པོ་མི་འདམ
143b8 ལ་ཉིད་དང་། མིའི་འཛིན་པ་ལས་ཡོངས་སུ་གྲོལ་བ་དང་། ལྷན་ཅིག་སྤྱོད་པ་རྣམ་པར་སྤོང་ཉིད།། ཚེ་བྱད་བསྙུངས་པའི་ཚུལ་ཅན་ཏེ། དེ་ལྟ་བུ་ལ་སོགས་པ་ནི་མཐར་ཆགས་སུ་རྒྱུ་བ་ཉིད་ཀྱི་ཡོན་ཏན་དག་ཡིན་ནོ།། མཐར་ཆགས་སུ་རྒྱུ་བ་ནི་གང་དག




iiif viewer powered by OpenSeadragon

143a - 144a

Texts on this page

Q972 - rnam par grol ba'i lam las sbyangs pa'i yon tan bstan pa zhes bya ba