| | e-texts navigator
|
139a1 བྲག་ཆ་ལྟ་བུའོ། ། ལུས་འདི་ནི་སེམས་འཁྲུག་ཅིང་འགྱེས་པའི་མཚན་མ་སྟེ་སྤྲིན་ལྔ་བུའོ།། ལུས་འདི་ནི་སྐད་ཅིག་ཏུ་འཇིག་པ་དང་ལྡན་ཞིང་མི་གནས་པ་སྟེ། གློག་དང་མཚུངས་པའོ།། ལུང
139a2 འདི་ནི་རྐྱེན་སྣ་ཚོགས་ལས་བྱུང་བ་སྟེ། བདག་པོ་མོད་པའོ།། ལུས་འདི་ནི་ས་དང་འདྲ་སྟེ་བྱེད་པ་མེད་པའོ།། ལུས་འདི་ནི་ཆུ་དང་འདྲ་སྟེ། བདག་མེད་པའོ།། ལུས་འདི་ནི་དང་སེ་ཝ་སྟེ་སྲོག་མེད་པའོ།། ལུས་འདི་ནི
139a3 རླུང་དང་འདྲ་སྟེ་གང་ཟག་མེད་པའོ། ། ལུས་འདི་ནི་ནམ་མཁའ་དང་འདྲ་སྟེ། རང་བཞིན་མེད་པའོ།། ལུས་འདི་ནི་འབྱུང་བ་ཆེན་པོ་རྣམས་ཀྱི་གནས་ཏེ། ཡང་དག་པ་མ་ཡིན་པའོ།། ལུས་འདིནི་བདག་དང་བདག་གི་མེད
139a4 བ་སྟེ་སྟོང་པའོ། ། ལུས་འདི་ནི་རྩཝ་དང་། ཤིང་དང་། རྩིག་པ་དང་། བོང་བ་དང་། མིག་ཡོར་ལྟ་བུ་སྟེ་བེམས་པོའོ།། ལུས་འདི་ནི་རླུང་གི་འཁྲུལ་འཁོར་དང་ལྡན་པས་འབྱུང་སྟེ་ཚོར་བ་མེད་པའོ།། ལུས་འདི་ནི་རྣག
139a5 དང་མི་གཙད་པ་བསགས་པ་སྟེ། གསེག་གེ་ལུས་འདི་ནི་རྟག་ཏུ་བྱུག་པ་དང་། མཉེ་བ་དང་། འཇིག་པ་དང་། འགྱེས་པའི་ཆོས་ཅན་ཏེ་གསོབ་པོ། ལུས་འདི་ནི་ནད་བཞི་བརྒྱ་རྩ་བཞིས་གཅེས་པའོ།། ལུས་འདི་ནི
139a6 རྟག་ཏུ་རྒ་བས་ཟིལ་གྱིས་ནོན་པ་སྟེ། ཁྲོན་པ་རྙིང་པ་དང་འདྲའོ།། ལུས་འདི་ནི་འཆིམ་པས་ཟར་ཐུག་པ་སྟེ། མཐར་མི་གནས་པའོ།། ལུས་འདི་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱིས་ཡོངས་སུ་ཟིན་པ་སྟེ། གཤེད
139a7 མ་དང་དྲུག་དྲུག་པོ་དང་། གྲོང་སྟོང་ལྟ་བུའོ།། ཁྱེད་ཀྱིས་དེ་ལྟ་བུའི་ལུས་ད་ལ་སུན་པ་དང་། སྐྱོ་བ་བསྐྱེད་ཅིང་དེ་བཞིན་གཤེགས་པའི་སྐུ་ལ་མོས་པ་བསྐྱེད་པར་བྱའོ།། གྲོགས་པ་རྣམས་དེ་བཞིན་གཤེགས་པའི་ས་ནི
139a8 ཆོས་ཀྱི་སྐུ་སྟེ། བསོད་ནམས་ལས་སྐྱེས་པའོ།། དེ་བཞིན་གཤེགས་པའི་སྐ་ནི་སྦྱིན་པ་ལས་སྐྱེས་པ་ཚུལ་ཁྲིམས་ལས་སྐྱེས་པ། ཏིང་ངེ་འཛིན་ལས་སྐྱེས་པ། ཤེས་རབ་ལས་སྐྱེས་པ། རྣམ་པར་གྲོལ་བ་ལས་སྐྱེས་པ།
iiif viewer powered by OpenSeadragon
138b - 139b