e-texts navigator
Collection
Volume
Page
Wylie

138a1 དང་། ། ཁྲག་འདུས་པ་ལས་འབྱུང་སྟེ། ལུས་འདལ་ཁུ་ཆུ་དང་། ཁྲག་ནི་ལུས་ཀྱི་ཐོག་མའི་རྒྱུ་ཡིན་ནོ།། ཐ་མའི་རྒྱུ་ཡིན་ཟས་འདུ་བ་ལ་སོགས་པ་སྟེ། ཁམས་ཀྱི་བཟའ་བ་ཟས་ཟོས་མ་ཐག་ཏུ་བ་ཀན་གྱི་གནས
138a2 འགྲོའོ། ། བད་ཀན་གྱི་གནས་སུ་ཕྱིན་ནས། བཾ་ད་ཀན་གྱིས་རྐྱང་རྐྱང་པོར་བྱས་ཏེ། ཤིན་ཏུ་མི་གཙང་བར་འགྱུར་རོ།། དེའི་འོག་ཏུ་མཁྲིས་པའི་གནས་སུ་འགྲོ་སྟེ། མཁྲིས་པའི་གནས་སུ་ཕྱིན་ནས་ཞུ་ཞིང་སྐྱུར་པོར་གྱུར་ཏེ། རླུང
138a3 གི་གནས་སུ་འགྲོའོ། ། ཞུ་སྟེ་རུང་གི་གནས་སུ་ཕྱིན་ནས་རླུང་གིས་ཚིགས་མ་ལོགས་ཤིག་དངས་མ་ལོགས་ཤིག་། དུ་རྣམ་པར་འབྱེད་དེ་ཚིགས་མ་ལས་ནི་གཅིན་དང་། ངན་སྐྱུགས་ལ་སོགས་ཏེ། དྲི་མ་རྣམས་འབྱུང་། དངོས་མ་ལས་ནི་ཁྲག་ཏུ
138a4 འགྱུར་ཏེ། ཁྲག་ལས་ཤའོ།། ཤ་ལས་ཚིལ་ལ། ཚིལ་ལས་རུས་པའོ།། རུས་པ་ལས་རྐང་ངོ་།། རྐང་ལས་ཁུ་ཆུའོ།། ཁུ་ཆུ་ལས་འདི་ལྟ་སྟེ། དེ་ལྟར་ཐོག་མ་དང་ཐ་མའི་རྒྱུ་མི་གཙང་བའི་ཕྱིར་ལུས་མི་གཙང་བར་བྱར
138a5 ཆུབ་སེམས་དཔའ་བསམ་པར་བྱའོ་ཞེས་གསུངས་སོ། ། ཡང་དེ་ཉིད་ལས་འབྱུང་བ་འདི་ལྟར། མེ་གཙང་བ་འི་ཕུང་པོར་ལུས་ལ་ནི།། གཟུགས་མངོན་ང་རྒྱལ་ཅན་གང་གུས་བྱེད་པ། བྱིས་པའི་བློ་ཅན་དེ་ནི་སྔོན་བཞིན་དུ། མི་ཤེས
138a6 དན་སྐྱུགས་བུམ་པ་ཐོགས་ཤིང་འགྲོ། ། དེའི་སྣ་ནས་རྣག་གི་རྣམ་པར་འཇོག། ཁ་ནས་དྲི་མི་ཞིམ་པ་རྟག་ཏུ་འབྱུང་།། མིག་རྔུ་ཆགས་ཤིང་སྐྱེ་བོ་སུན་བུ་ཅན།། ད་ལ་སུ་ཞིག་ཆགས་ཤིང་གུས་པར་བྱེད།། དཔེར་ན་བྱིས
138a7 བསལ་བ་ཐོགས་ནས་སུ། ། འདི་ནི་དཀར་པོར་བྱ་ཞེས་བདར་ཀྱང་ནི། དཀར་པོའི་དངོས་པོར་མི་འགྱུར་ཟད་པར་འགྱུར།། བྱིས་བློ་ཕྱིན་ཅི་ལོ་ག་གི་ང་རྒྱལ་ཅན།། དེ་ལྟར་མི་གཙང་གཙང་སྦྲའི་བློ་གྲོས་ཅན།། ང་ཡང་ལུས
138a8 འདི་གཙང་བར་བྱ་ཞེས་ཏེ། ། བསྐུས་ཕྱིས་འབབ་སྟེགས་བརྒྱར་ནི་ཁྲུས་བྱས་ཀྱང་།། འཆི་བ་དག་དབང་གིས་ཟད་འགྱུར་གཅད་མི་འགྱུར།། ཞེས་གསུངས་སོ།། འཕགས་པ་དྲི་མ་མེད་པར་གྲགས་པས




iiif viewer powered by OpenSeadragon

137b - 138b

Texts on this page

Q972 - rnam par grol ba'i lam las sbyangs pa'i yon tan bstan pa zhes bya ba