e-texts navigator
Collection
Volume
Page
Wylie

137b1 དང་རྒྱས་པ་དང་། རྩ་དང་། མཁལ་མ་དང་། སྙིང་དང་། གློ་བ་དང་། མཆིན་པ་དང་། ཕོ་བ་དང་། ལོང་ཀ་དང་། སྒྱུ་མ་དང་། གཉེ་མ་དང་། སྐང་བ་དང་། སུལ་མངས་དང་། མཚོར་པ་དང་། ཕྱི་ས་དང་། མཆིལ་མ་དང་། རྡུལ་དང་།
137b2 ངར་སྣབས་དང་། མཆི་མ་དང་། ཞག་དང་། ཆུ་སེར་དང་། རྐང་དང་། ཚིལ་དང་། རྣ་ག་དང་། བད་ཀན་དང་། མཁྲིས་པ་དང་། ཁྲག་དང་། གླང་བ་དང་། གླང་རྒྱས་དང་། གཅིན་དང་། མིག་རྡུ་ད། རྣ་སྤབས་དང་། སེན་མོའི་དྲིམ
137b3 དང་། ལྕེའི་དྲི་མ་དག་ཡོདདེ། མི་གཙང་བ་རྣམ་པ་སྣ་ཚོགས་ཀྱིས་གང་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་རྟོག་གོ།། དགེ་སློང་དག་འདི་ལྟ་སྟེ་དཔེར་ན། འབྲས་སཱ་ལུ་དང་། འབྲུ་དང་། ནས་དང་། གྲོ་དང་། མོན་སྲན་གྲེའུ
137b4 དང་། མོན་སྲན་སྡེའུ་དང་། རྒྱ་སྲན་དང་། འབྲས་ནི་སྤོ་བ་དང་། སྲན་ཆུང་དང་། མོན་སྲན་ནེ་གུ་དང་། ཉུངས་དཀར་དང་། འབྲུ་རྣམ་པ་སྣ་ཚོགས་ཀྱིས་གང་བའི་སྦྱང་བ་ཞིག་ཁ་ཕྱེ་བ་དེ་ལ་མིག་དང་ལྡན་པའི་མི་ཞིག་གིས
137b5 བླུགས་ནས་སོ་སོར་རྟོག་སྟེ། སོ་སོར་བརྟགས་ན་འདི་དག་ནི་འབྲས་སཱ་ལུའོ།། འདི་དག་ནི་འབྲུའོ།། འདི་དག་ནི་ནས་སོ།། འདི་དག་ནི་གྲེའོ།། འདི་དག་ནི་མོན་སྲན་གྲེའུའོ།། འདི་དག་ནི་མོན་སྲན་སྡེའུའོ།། འདི
137b6 དག་ནི་རྒྱ་སྲན་ནོ། ། འདི་དག་ནི་འབྲས་ནི་ས་པའོ།། འདི་དག་ནི་སྲིན་ཆུང་།། འདི་དག་ནི་མོ་ན་སྲན་ནེ་གུའོ།། འདི་དག་ནི་ཏིལ་ལོ།། འདི་དག་ནི་འབྲས་དྲུས་པའོ།། འདི་དག་ནི་ཉུངས་དཀར་རོ་ཞེས་བྱ་བར་ཤེས་སོ།།
137b7 དགེ་སློང་དངག་། དེ་བཞིན་དུ་དགུན་པ་ན་འདུག་ཀྱང་རུང་། ཤི་ཀུན་དུ་ང་། ཁང་སྟོང་ན་འདུག་ཀྱང་རུང་སྟེ། ལུས་འདི་ཉིད་ལ་འོག་གི་རྐང་མཐལ་ཡན་ཆད་སྠ་དང་། གླང་པ་ལ་ཐུག་གི་བར་དུ་མི་གཙང་བ་རྣམ་པ་སྣ་ཚོགས་ཀྱིས་གང་བར་ཡང
137b8 དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་རྟོག་ཅེས་གསུངས་སོ། ། དབས་བྱིན་གྱི་ཞུས་པའོ་མདོ་ལས་ཀྱང་། འདི་ལ་བྱང་ཆུབ་སེམས་དཔའ་ལུས་འདི་ཐོག་མའི་དང་ཐ་མའི་རྒྱུ་ལ་སོ་སོར་བརྟག་པར་བྱའོ།། ཕ་མའི་ཁུ་ཆུ




iiif viewer powered by OpenSeadragon

137a - 138a

Texts on this page

Q972 - rnam par grol ba'i lam las sbyangs pa'i yon tan bstan pa zhes bya ba