e-texts navigator
Collection
Volume
Page
Wylie

137a1 མཆོག་ལ་མངོན་པར་དགའ་བ་དེ་དག་ནི་རྣམ་པར་སྨིན་པ་ཡང་ལྷ་རྣམས་ཀྱི་ནང་དུ་ལྷར་གྱུར་པ་རྣམས་སམ།། མི་རྣམས་ཀྱི་ནང་དུ་མིར་གྱུར་པ་རྣམས་ཀྱི་མཆོག་འབའ་ཤིག་ཏུ་འགྱུར་བར་ཤེས་བྱ
137a2 བྱ་སྟེ། འདི་ནི་དགེ་འདུན་མཆོག་ཏུ་གདགས་པ་ཞེས་བྱའོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་ནས། དགེ་སློང་དེ་དག་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།།
137a3 མཆོག་ཏུ་གདགས་པའི་མདོ་རྫོགས་སྷོ།། །། རྒྱ་གར་སྐད་དུ། བི་མུག་ཏི་མཱ་ར་ག་དྷཱ་ཏ་གུ་ན་ནིར་དེ་ཤ་ནཱ་མ། བོད་སྐད་དུ། རྣམ་པར་གྲོལ་བའི་ལམ་ལས་སྦྱངས་པའི་ཡོན་ཏན་བསྟན་པ་ཞེས་བྱ་བ། འཇམ་དཔ
137a4 གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། ། དེ་ནས་དེ་ལྟར་ཚུལ་ཁྲིམས་རྣམ་པར་དག་པའི་རྣལ་འབྱོར་པ་སྤྱོད་པ་སྒྲུབ་པར་འདོད་པ། ཡོན་ཏན་དོན་དུ་གཉེརབས་སྦྱངས་པའི་ཡོན་ཏན་ཡང་དག་པར་བླངས་ཏེ་འཇུག
137a5 པར་བྱའོ། ། རྣལ་འབྱོར་སྤྱོད་པ་སྦྱངས་པའི་ཡོན་ཏན་ཡང་དག་པར་བླངས་པ་ནི་རྣམ་གྲངས་དུ་མས་ཡོངས་སུ་རྟོག་པའི་རང་བཞིན་ཅན་དེ་འདི་སྙམ་དུ་གང་དག་བྱིས་པ་བླུན་པོ་མི་གསལ་བ། མི་མཁས་པ་དེ་ཡང་དངོས་པ
137a6 འདི་དག་ཤེས་ན་འདོད་ཆགས་ཀྱི་སེམས་མི་སྐྱེད་ན། ཤེས་རབ་དང་ལྡན་པའི་རང་བཞིན་ཅན་ལྟ་སྨོས་ཀྱང་ཅི་དགོས་སྙམ་དུ་སེམས་སོ་ཞེས་ཇི་སྐད་གང་དས་བཤད་པ་ལྟ་བུའོ།། དོན་རྣམ་པར་ངེས་པའི་མདོ་ལས་ཀྱང
137a7 འབྱུང་སྟེ། དགེ་སློང་དག་འདི་ལ་དགེ་སློང་དག་དགོན་པ་ན་འདུག་ཀྱང་རུང་། ཤིང་དྲུང་ན་འདུག་ཀྱང་རུང་། ཁང་སྟོང་ན་འདུག་ཀྱང་རུང་སྟེ། ལུས་འདི་ཉིད་ལ་འོག་གི་རྐང་མཐིལ་ཡན་ཆད་སྠ་དང་། ཀླང་བ་ལ་ཐུག་གི
137a8 དུ་མི་གཙང་བ་རྣམ་པ་སྣ་ཚོགས་ཀྱིས་གང་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་རྟོག་སྟེ། ལུས་འདི་ལ་ཡོད་པ་སྐྲ་དང་། སྤུ་དང་། སེན་མོ་དང་། སོ་དང་། རྡུལ་དང་། དྲི་མ་དང་། ལྤགས་པ་དང་། ཤ་དང་། རུས་པ




iiif viewer powered by OpenSeadragon

136b - 137b

Texts on this page

Q971 - mchog tu gdags pa'i mdo
Q972 - rnam par grol ba'i lam las sbyangs pa'i yon tan bstan pa zhes bya ba