| | e-texts navigator
|
136a1 ལས་འདའ་བར་བྱེད་པ་དང་། འདས་པ་དེ་དག་མི་སྟོན་པ་དང་། རབ་ཏུ་མི་སྟོན་པ་དེ་ནི་ལུས་ཞིག་ནས་ཤི་བའི་འོག་ཏུ་དམྱལ་བ་ཆེན་པོ་ཚ་བར་སྐྱེ་བར་འགྱུར་ཏེ། དེ་དག་དེར་ཡང་སྡུག་བསྔལ་ཤིན་དུ་དྲག་པ་དང་། རྩུབ་པ་དང་། ཚ་བ་དང་།
136a2 ཡིད་མི་འོང་བའི་ཚོར་བ་མྱོང་བར་འགྱུར་རོ།། ཕམ་པར་འགྱུར་བའི་ཆོས་བཞི་ལྟུང་བ་བརྟག་པའོ།། དགེ་སློང་དག་དེ་ལྟ་བས་ན། གང་དེ་དག་བསྟན་བཅོས་ཐོས་པ་རྣམས་ཀྱིས་བདག་ལ་ཕན་པར་བྱ་བ་དང་། སྙིང་བརྩེ་བ་དང་། སྙིང་རྗེ་པ་དང་། དོན་དོད་པ་དང
136a3 ཕན་པ་ཚལ་བས་སྙིང་བརྩེ་བ་འདིས་ཁྱེད་ཅག་རྣམས་ཀྱིས་འདི་ལྟར་བྱ་སྟེ། དགེ་སློང་དག་དགོན་པ་དང་། ཤིང་དྲུང་དང་། ཁང་སྟོང་དང་། རི་ཁྲོད་དང་། རི་ཕྲག་དང་། བ་ལ་བུན་ཛཱ་བྷུ་བ་ཀ་ཤར་དྲ་དུར་ཁྲོད་དང་། ནགས་མེད་པ་དང་། བས་མཐའི་གནས
136a4 མལ་དུ་གནས་ཏེ་འདི་དག་ངེས་པར་བསམ་པར་བྱའོ། ། དགེ་སློང་དག་བག་ཡོད་པར་གྱིས་ཤིག། ཅི་ནས་ཀྱང་ཕྱིས་འགྱོད་པར་འགྱུར་བ་དེ་ལྟར་མ་བྱེད་ཅིག། འདི་ནི་ངའི་རྗེས་སུ་བསྟན་པའོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ
136a5 ནས། དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། ། ལྟུང་བ་སྡེ་ལྔའི་དགེ་བ་དང་མི་དགེ་བའི་འབྲས་བུ་བརྟག་པའི་མདོ་རྫོགས་སྷོ།། །། རྒྱ་གར་གྱི་མཁན་པོ་ཨཱ་ཙརྱ་ཛྙཱ་ན་ཤྲཱི་གུབ
136a6 ཏ་དང་། བོད་ཀྱི་ལོ་ཙྪ་བ་དགེ་སློང་ཤཱཀྱ་བློ་གྲོས་ཀྱིས་བསྒྱུར་ཅིང་གཏན་ལ་ཕབ་པ།། །། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཉན་ཐོས་ཀྱི
136a7 དགེ་འདུན་དང་བཅས་པ། རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པར་དབྱར་གནས་པར་དམ་བཅས་ཏེ་བཞུགས་སོ།། དེར་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག། འདི
136a8 གསུམ་ནི་མཆོག་ཏུ་གདགས་པ་ཡིན་ཏེ། གསུམ་གང་ཞེ་ན། སངས་རྒྱས་མཆོག་ཏུ་གདགས་པ་དང་། ཆོས་མཆོག་ཏུ་གདགས་པ་དང་། དགེ་འདུན་མཆོག་ཏུ་གདགས་པའོ།། དེ་ལ་སངས་རྒྱས་མཆོག་ཏུ་གདགས
iiif viewer powered by OpenSeadragon
135b - 136b