e-texts navigator
Collection
Volume
Page
Wylie

135b1 ཆན་པའ་ཉིན་ཞག་གཅིག་གོ། ། ཉན་ཞག་དེསུམ་བཅུལ་ཟླ་བ་གཅིག་གོ།། ཟླ་བ་བཅུ་གཉིས་ལ་ལ་གཅིག་ཏུ་བརྩེས་པར་ལ་བརྒྱད་སྟོང་ནི་དམྱལ་བ་དུ་འབད་ཅན་པ་འཚའཆད་དོ།། དག་སློང་དག་ལྷག་མའི་ཆོས་གང་དག་མ་སྲུང་བ་དག་བླ།
135b2 སྦེད་པ་དང་། ཡོངས་སུ་མི་སྟོང་པ་དང་། དེ་དག་ལས་འད་བར་བྱེད་པ་དང་། འདས་པ་དག་མོ་སྟོན་པ་དང་། རབ་ཏུ་མི་སྟོན་པ་དནི་ལུས་ཞགནས་ཤི་བའི་འོག་ཏུ་དམྱལ་བ་ཆེན་པོ་ཆུ་འབོད་ཆེན་པོར་སྐྱ་བར་འགྱུར་ཏེ། ད་ག་ད
135b3 ཡང་སྡུག་བསྔལ་ཤིན་ཏུ་དག་དང་། ཆུབ་པ་དང་ཚ་བ་དང་། ཡིད་དུ་མེ་འོང་བའི་ཚོར་བམྱོང་བར་འགྱུར་རོ།། སྔགསའི་ཀླུང་བ་བརྟག་པའོ།། དགེ་སློང་དག་འདུམ་བུའི་གླིང་བའི་མ་རྣམས་ཀྱི་ལོ་བ་རྒྱམག་བཅུ་དྲུག་གང་ཡིད་དེ་ནི་གཞན
135b4 འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་ཉིན་ཞག་གཅིག་གོ། ། ཉིན་ཞག་དེ་སུམ་བཅུ་ལ་ཟླ་བ་གཅིག་གོ།། ཟླ་བ་བཅུ་གཉིས་ལ་ལོ་གཅིག་ཏུ་བརྩེས་པའི་ལོ་སྟོང་ཕྲག་བཅུ་དྲུག་ནི་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་དོ།།
135b5 དགེ་སློང་དག་ཕམ་པར་འགྱུར་བའི་ཆོས་བཞི་པོ་གང་དག་སྲུང་བ་དང་། སྦེད་པ་དང་། ཡོངས་སུ་སྤྱོད་པ་དང་། འདའ་བར་མི་བྱེད་པ་དང་། དེ་དག་ལས་འདས་པ་སྟོན་པ་དང་། རབ་ཏུ་སྟོན་པ་དེ་ནི་ལུས་ཞིག་ནས་བདེ་འགྲོ་གཞན་འཕྲུལ
135b6 དབང་བྱེད་ཀྱི་ལྷ་རྣམས་སུ་སྐྱེ་བར་འགྱུར་ཏེ། དེ་དག་དརང་ཡང་ལྷའི་ཚེ་དང་། ལྷའི་ཁ་དོག་དང་། ལྷའི་སྟོབས་དང་། ལྷའི་བད་པ་དང་། ལྷའི་དབང་ཕྱུག་ལ་དབང་བྱེད་ཅིང་ལྷའི་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང
135b7 ཡོག་འཁོར་དག་ལྡན་པར་འགྱུར་རོ། ། དགེ་སློང་དག་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་ལོ་སྟོང་ཕྲག་བཅུ་དྲུག་གང་ཡིན་པ་དེ་ནི་དམྱལ་བ་ཆེན་པོ་ཚ་བའི་ཉིན་ཞག་གཅིག་གོ།། ཉིན་ཞག་དེ་སུམ་བཅུ་ལ་ཟླ་བ་གཅིག་གོ།
135b8 ཟླ་བ་བཅུ་གཉིས་ལ་ལོ་གཅིག་ཏུ་བརྩིས་པའི་ལོ་ཁྲི་དྲུག་སྟོང་ནི་དམྱལ་བ་ཆེན་པོ་ཚ་བའི་ཚེའི་ཚད་དོ།། དགེ་སློང་དག་ཕམ་པར་འགྱུར་བའི་ཆོས་བཞི་པོ་གང་དག་མི་སྲུང་བ་དང་། མི་སྦེད་པ་དང་། ཡོངས་སུ་མི་སྐྱོང་བ་དང་། དེ་དག།




iiif viewer powered by OpenSeadragon

135a - 136a

Texts on this page

Q970 - ltung ba sde lnga'i dge ba dang mi dge ba'i 'bras bu brtag pa'i mdo