e-texts navigator
Collection
Volume
Page
Wylie

133b1 འདུས་མཉན་འདོན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མ་སྐྱེད་ཀྱི་ཀུན་ག་ན་ཞུགས་ཏེ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་འཛམ་བུའི་གླིང་པའི་མི་རྣམས་ཀྱི་ལོ་ལྔ་བདུས
133b2 ཡིན་པ་ནི་རྒྱལ་ཚན་པ་དེའི་རིས་ཀྱི་སྟེ་རྣམས་ཀྱི་ཉིན་འག་གཅིག་གོ། ། ཉིད་ཞག་དམས་བྱན་ལ་ཟླབ་གཅིག། ཟླབ་བཅུ་གཉིས་ལ་ལོགཅིགཏུ་བརྩིས་པ་ལོ་ལྔ་བརྒྱནི་རྒྱལ་རྐྱེན་བཞིའི་རཱིས་ཀྱི་སྟ་རྣམས་ཏེ
133b3 ཚད་དོ། ། དགེ་སློང་དག་བསླབ་པའི་ཆོས་གང་དག་བསྲུང་བ་དང་། སྦེད་པ་དང་། ཡོངས་སུ་སྤྱོང་པ་དང་། འདའ་བར་མི་བྱེད་པ་དང་། དེ་དག་ལས་འདས་པ་སྟོན་པ་དང། རབ་ཏུ་སྟོན་པ་ནི་ལྔས་ཞིག་ནས་བདེ་འགྲོ་ཨུ0f7fས
133b4 ཆེན་བཞི་པའི་རིགས་ཀྱི་ལྷ་རྣམས་སུ་སྐྱེ་བར་འགྱུར་ཏེ། དེ་དག་དེར་ཡང་ལྷའི་ཚེ་དང་། ལྷའི་ཁ་དོག་དང་། ལྷའི་སྟོབས་དང་། ལྷའི་བདེ་བ་དང་། ལྷའི་དབང་ཕྱུག་ལ་དབང་བྱེད་ཅིད་ལྷའི་གཟུགས་དང་། སྭ་དང་།
133b5 དང་། རོ་དང་། རེག་བྱ་དང་། ལྷའི་གཡོག་འཁོར་དང་ལྡན་པར་འགྱུར་རོ།། དགེ་སློང་དག་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ལོ་ལྔ་བརྒྱ་གང་ཡིན་པ་དེ་ནི་དམྱལ་བ་ཆེན་པོ་ཡང་སོས་ཀྱི་ཉིན་ཞག་གཅིག
133b6 ཉིན་ཞག་དེ་སུམ་བཅུ་ལ་ཟླ་བ་གཅིག། ཟླ་བ་བཅུ་གཉིས་ལ་ལོགཅིག་ཏུ་བརྩིས་པའི་ལོ་ལྔ་བརྒྱ་ནི་དམྱལ་བ་ཆེན་པོ་ཡང་སོས་ཀྱི་ཚེའི་ཚད་དོ།། དགེ་སློང་དག་བསླབ་པའི་ཆོས་གང་དག་མི་སྲུང་བ་དང་། མི་སྤང་བ་དང་།
133b7 ཡོངས་སུ་མི་སྣང་བ་དང་། དེ་དག་ལས་འདའ་བར་བྱེང་པ་དང་། འདས་པ་དེ་དག་མ་སྟོན་པ་དང་། རབ་ཏུ་མ་སྦྱིན་པ་དེན་རྒྱས་ཞིག་ནས་ཤཔའ་འག་ཏུང་དམྱལ་བ་ཆེན་པོ་ཡང་སོས་སུ་སྐྱེ་བར་འགྱུར་ཏེ། དེ་དག
133b8 ཡང་སྡུག་བསྔལ་དྲག་པོ་དང་། ནུབ་པ་དང་། ཚབ་དང་། ཡིད་དུ་མི་འོང་བའི་ཚོར་བ་མྱོད་པར་འགྱུར་རོ།། དགེ་སློང་དག་འཛམ་བུའི་གླིང་པའི་མི་རྣམས་ཀྱི་ལོ་བརྒྱ་གང་ཡིན་པ་དེ་ནི་སུམ་བཅུ་རྩ་གསུམ་གྱི




iiif viewer powered by OpenSeadragon

133a - 134a

Texts on this page

Q970 - ltung ba sde lnga'i dge ba dang mi dge ba'i 'bras bu brtag pa'i mdo