| | e-texts navigator
|
129a1 པོ་ལེགས་པར་རབ་སད་ཅེས་བྱ་བ་རྒྱལ་སྲིད་བྱེད་ཏུ་འཇུག་སྟེ། འབྱོང་བ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ་དང་། སྐྱེ་བོ་དང་མི་མང་པོས་གང་བ། འཐབ་པ་དང་། ཐབ་མོ་དང་། ཅོད་པ་དང་། འགྱེད་པ་དང་། ཆོམ
129a2 རྐུན་མེད་ཅིང་ན་རབ་ཏུ་ནི་པར་བྱ་བར་གྱུར་པ། འབྲས་དང་། བུ་རམ་ཤིང་གི་ཕྲེང་བ་དང་། བ་ལང་དང་། མ་ཧེ་ཕུན་སུམ་ཚོགས་པ་ན། བུཅིག་པ་ལ་སྡུག་པ་བཞིན་དུ་རྒྱལ་སྲིད་སྐྱོང་བར་བྱེད་དོ།། རྒྱལ་པོ་ལེགས་པར་རབསད་ཀྱི་བཙུན་མོ་དམ་པ
129a3 གཟུགས་པཐང་བ། བསྟན་སྡུག་པ། མཛེས་པ། ཡུལ་གྱི་བཟང་མོ་ལུམ་པ་ནི་ཞེས་བྱ་བ་ཡོད་དོ།། ས་བསྟན་ན་ཁྱིམ་བདག་ཕྱུག་ཅིང་ནོར་མང་བ་ལོངས་སྤྱོད་ཆེ་བ་ཡོངསུ་བཟུང་བ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ།། རྣམ་ཐོས་ཀྱི་རྡུ
129a4 ནོར་གྱིས་འགྲན་པ་ཞིག་གནས་པ་དེའི་ཀུན་དགའ་ར་བ་མེ་ཏོག་ཕུན་སུམ་ཚོགས་པ་དང་འབྲས་བུ་ཕུན་སུམ་ཚོགས་པ་དང་། ཆུ་ཕུན་སུམ་ཚོགས་པ་དང་། བྱ་སྣ་ཚོགས་སྐད་འབྱིན་པས་དེའི་ཀུན་དགའ་ར་བ་དགའ་དགའ་ལྟར་འདུག་པ་དེར་རྒྱལ་པོ་དུས
129a5 དུས་སུ་ཙུན་མོའི་འཁོར་དང་ལྷན་ཅི་ཞུགས་ནས་དེ་ན་དགའ་བའི་རྩད་མོ་ཉམ་སུ་མྱོང་བར་བྱེད་དོ། ། ལུམ་བི་ནིས་དེ་མཐོང་ནས་འདོད་པ་སྐྱེས་ཏེ། དེས་སྨྲས་པ། ཀུན་དགའ་བ་འདི་བདག་ལ་སུམ་དུ་གསོལ་རྒྱལ་པོས་སྨྲས་པ། དཀུན་དགའ་བ་དིཅི
129a6 བདག་གི་ཡིན་ན་ཇི་ལྟར་སྦྱིན། གལ་ཏེ་ཁྱོད་ལ་ཀུན་དགའ་ར་བ་དགོས་ན་ཁྱོད་ཀྱི་ཕྱིར་དེ་བས་ལྷག་པར་བཟང་བ་གཞན་ཞིག་བྱའོ།། དེ་ནས་རྒྱལ་པོ་ལེགས་པར་བསད་ཀྱིས་ལུམ་བི་ནིའི་ཆེད་དུ་དེཔས་ཁྱད་པར་དུ་འཕགས་པའི་ཀུན་དགའ་བཞིག་བྱེད་དུ་ཆུག
129a7 ནས། དེའི་མིང་ལུམ་བི་ནའི་ཚལ་ཞེས་བྱ་བར་གྱུར་ཏོ།། རྒྱལ་པོ་སེང་གེ་འགྲམ་པ་ཡུན་རིང་པོ་ནས། ཀྱེ་མའོ་བདག་གི་རྒྱུད་ལ་འཁོར་ལོས་སྒྱུར་བ་སྐྱེ་བར་གྱུར་ཀྱང་ཅི་མ་རུང་སྙམ་པའི་བསམ་པ་འདི་ཡོད་དོ།། རྒྱལ་པོ་ལེགས་པར་རབ་སང་ལ་ཡང་ཡ།
129a8 རིང་པོ་ནས་ཀྱེ་མའོ་བདག་ནི་སེང་གེ་འགྲམ་དང་ལྷན་ཅིག་གཉེན་དུ་གྱུར་ཀྱང་ཅི་མ་རུང་སྙམ་པའི་བསམ་པ་འདི་ཡོད་དོ།། ཇི་ཙམ་དུ་དུས་གཞན་ཞིག་ན། དེའི་བཙུན་མོ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པ་ལས་དུས་གཞན
iiif viewer powered by OpenSeadragon
128b - 129b