| | e-texts navigator
|
128b1 བུ་ནི་ཕྲེང་བ་ཅན་ནོ། ཁྲེ་བོ་མའི་བུ་ནི་བཟང་ལེན་ནོ།། བདུད་རྩི་མའི་བུ་ནི་དགེ་འཕེལ་ལོ།། བཅོམ་ལྡན་འདས་ཀྱི་སྲས་ནི་སྒྲ་གཅན་འཛིན་ཡིན་ཏེ། གོ་ཏ་མ་དག་མང་པོས་བཀུར་གྱི་རྒྱུད་ཚ་དང་ལྡན་པ་སྒྲ་གཅན་འཛིན་དུ་རྫོགས་སྲིད་པའི་བྲང་ཆུང་ཆད།
128b2 འཁོར་བ་ཟད་དེ་ནི་ཡང་སྲིད་པ་མེད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མོད་གལ་གྱི་བུ་ཆེན་པོའི་གཏམ་རྫོགས་པར་མཁྱེན་ནས་བཞེངས་ཏེ་བཞུགས་སོ།། བཞུགས་ནས་ཚེ་དང་ལྡན་པ་མཽད་གལ་གྱེ་བུ་ཆེན་པོ་ལ་བཀའ་སྩལ་པ། མོད
128b3 གལ་གྱི་བུ་ལེགས་སོ་ལེགས་སོ། ། མཽད་གལ་གྱི་བུ་ཁྱེད་ཀྱིས་དགེ་སློང་རྣམས་ཀྱི་མདུན་དུ་ཤཱཀྱ་རྣམས་ཀྱི་སྔོན་གྱི་རིགས་རྒྱུད་ལས་བརྩམས་ནས་ཆོས་ཀྱི་གཏམ་སྨྲས་པ་ཡང་ཁྱོད་ལེགས་སོ།། མཽད་གལ་གྱི་བུ་ཡང་ཁྱོད་ཀྱིས་ཤཱཀྱ་རྣམས་ཀྱི་སྔོན་གྱི་རིགས་ཆུད
128b4 ལས་བརྩམས་ཏེ་ཆོས་ཀྱི་གཏམ་རྟག་ཏུ་སྨྲོས་ཤིག་དང་། དེས་ནི་དེ་རྣམས་ལ་ཡུན་རིང་པོའི་དོན་དང་ཕན་པ་དང་བདེ་བར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཀྱིས་ཤཱཀྱ་རྣམས་ཀྱི་སྔོན་གྱི་རིགས་རྒྱུད་ལས་བརྩམས་པའི་ཆོས་ཀྱི
128b5 གཏམ་ཆོངས་ཤིག། ཟུང་ཤིང་། ལྷོགས་ཤིག། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་ཤཱཀྱ་རྣམས་ཀྱི་སྔོན་གྱི་རིགས་རྒྱུད་ལ་བརྩམས་པའི་ཆོས་ཀྱི་གཏམ་ནི་དེན་དང་ལྡན་ཆོས་དང་ལྡན་པ་ནས་ཚངས་པར་སྤྱོད་པའི་བར་དང་ལྡན་པ་ཡིན་ཏེ། དགེ་སློང་དག་རིགས་ཀྱི་བུ་དད་པས་རབ་ཏུ་བྱུང་།
128b6 བས་ཤཱཀྱ་རྣམས་ཀྱི་སྔོན་གྱི་རིགས་རྒྱུད་ལས་བརྩམས་པའི་ཆོས་ཀྱི་གཏམ་གཟུང་ཞིང་བཀླགས་པའི་རིག་སོ།། དེ་ནས་སེར་སྐྱའི་བཞིའི་ཤཱཀྱ་རྣམས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་སྟེ། རྗེས་སུ་ཡི་རང་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ
128b7 མགོ་བོས་ཕྱག་བྱས་ཏེ་བཅོམ་ལྡན་འདས་ཀྱིས་སྤྱན་སྔ་ནས་དོང་ངོ་། ། དེའི་ཚེ་གྲོང་ཁྱེར་སེར་སྐྱའི་གཞིན་རྒྱལ་པོ་སེང་གེ་འགྲམ་ཞེས་བྱ་བ་རྒྱལ་སྲིད་བྱེད་དུ་འདུག་སྟེ། འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ།། སྐྱེ་བོ་དང་མི་མང་པོས་གང་བ། འཐབ
128b8 བ་དང་། ཐབ་མོ་དང་། རྩོད་པ་དང་། འགྱེད་པ་དང་། ཆོམ་རྐུན་མེད་ཅིང་ནད་རབ་ཏུ་ཞི་བར་གྱུར་པ། འབྲས་དང་།། བུ་རམ་ཤིང་གི་པྲེད་དང་། བ་ལང་དང་། མ་ཧེ་ཕུན་སུམ་ཚོགས་པ་ན་བུ་གཅིག་པ་ལ་སྡུག་པ་བཞིན་དུ་རྒྱལ་སྲིད་སྟོང་བར་བྱེ།། གྲོང་ཁྱེར་ལྷས་བསྟན་དུ་རྒྱལ
iiif viewer powered by OpenSeadragon
128a - 129a