| | e-texts navigator
|
127b1 ཆེན་པོ་དེ་རྣམས་ནི་འདོད་པ་བཞིན་ཡིད་ལ་རེ་བ་འགྲུབ་པ་ཡིན་པས་དེས་གསེར་གྱི་བྱ་མ་བུམ་བླངས་ཏེ། ཆུའི་རྒྱུན་གྱིས་གྲོང་ཁྱེར་གྱི་རྣམ་པ་དག་བྲིས་ནས་དེ་རྣམས་ཀྱིས་གྲོང་ཁྱེར་བརྩིགས་སོ།། དྲང་སྲོང་སེར་མྱས་དེ་རྣམས་ཀྱི་གནས་ཀྱི་ཕྱིར་གཞི་ཡོངས
127b2 སུ་བཏང་པས་སེར་སྐྱི་གཞི་སེར་སྐུའི་གཞི་ཞེས་བྱ་བར་གྱུར་ཏོ། ། དེ་རྣམས་དེར་འཕེལ་བར་གྱུར་པས་སྐྱེ་བོའི་ཚོགས་ཆེན་པོར་གྱུར་ཏེ། དོགས་པས་འཕེལ་ཆེ་བར་མ་གྱུར་ཏོ།། ལྷ་རྣམས་ཀྱི་སེམས་ཀྱིས་དེ་རྣམས་ཀྱི་སེམས་ཤེས་ནས་ཕྱོགས་གཞན
127b3 ཞིག་བསྟན་པ་དང་། དེ་རྣམས་དེར་དོང་སྟེ་གྲོང་ཁྱེར་གཅིག་ཤོས་བརྩིགས་ནས་ལྟས་བསྟན་ལྟས་བསྟན་ཅེས་བྱ་བར་གྱུར་ཏོ།། དེ་ནས་དེ་རྣམས་ཚོགས་ཤིང་འདུས་ནས་ཕན་ཚུན་གྲོས་བྱ་བར་བརྩམས་པ། ཤེས་ལྡན་དག་གང་གི་ཕྱིར་བདག
127b4 ཅག་སྤྲུགས་པ་ནི་རིགས་མཉམ་པ་ལས་ཆུང་མ་མ་བླངས་པ་དེ་ལས་གྱུར་གྱིས་དེ་བས་ན་བ་དག་གམས་སུས་ཀྱང་རིགས་མཉམ་པ་ལས་ཆུན་མ་བླང་བར་མི་བྱ་སྟེ་གཅིག་ཁོ་ནས་ཆོག་ཤེས་པར་བྱའོ། ། དེ་རྣམས་རིགས་མཉམ་པ་གཅིག་ཁོ་ན་ལས
127b5 ཆུང་མ་ལེན་གྱི་ཆུན་མ་ནི་མི་ལེན་ཏོ། ། དེ་ནས་དུས་གཞན་ཞིག་ན་རྒྱལ་པོ་འཕགས་སྐྱེས་པོ་བུ་སྡུག་པ་རྣམས་རྗེས་སུ་དྲན་ནས་བློན་པོ་རྣམས་ལ་སྨྲས་པ། ཀྱེ་གྲོང་པ་དག་གཞོན་ནུ་དེ་རྣམས་ད་ལྟར་གང་ན་འདུག། དེ་རྣམས་ཀྱིས་སྨྲས་པ།
127b6 ལྷས་ནོངས་པ་འགའ་ཞིག་ལ་སྤྲུགས་པ་ལས་དེ་རྣམས་རང་རང་གི་སྲིང་མོ་ཁྲིད་དེ་འདི་ནས་མཆིས་པ་ན་གངས་རི་དང་ཉེ་བ་ཆུ་བོ་སྐལ་ལྡན་ཤིང་རྟའི་འགྲམ་དྲང་སྲོང་སེར་སྐྱའི་བསྟི་གནས་དང་ཧ་ཅང་མི་རིང་བ་ཞིག་ཏུ་གནས་བཏབ་སྟེ།། རང་རང་གི
127b7 སྲིང་མོ་སྤངས་ཏེ། མས་དབྱེན་གྱི་སྲིང་མོ་རྣམས་དང་ལྷན་ཅིག་རྩེ་བར་བགྱིད། དགའ་བར་བགྱིད།། དགའ་དགུ་སྤྱོད་པར་བགྱིད་དོ།། དེ་རྣམས་རྩེ་བར་བགྱིད། དགའ་བར་བགྱིད། དགའ་དགུར་སྤྱོད་པར་བགྱིད་པ་ན་བུ་ཕོ་དང་། བུ་མོ་དག་བཙས་སོ།། གྲོང་པ
127b8 དག་གཞོན་ནུ་རྣམས་ཀྱིས་དེ་ལྟར་བྱད་པོད་དམ། ལྷ་རྡོ་ཐོག་ལགས་སོ།། དེ་ནས་རྒྱལ་པོ་བུ་རམ་ཤིང་པ་འཕགས་སྐྱེས་པས་རོ་སྟོད་བསྲང་ནས་ལག་པ་གཡས་པ་བརྐྱང་སྟེ། ཆེད་དུ་བརྗོད་པས་ཆེད་དུ་བརྗོད་པ། ཀྱེ་མ་གཞོན་ནུ་རྣམས
iiif viewer powered by OpenSeadragon
127a - 128a