| | e-texts navigator
|
127a1 གྲོང་ཁྱེར་གྱི་སྐོམ་བཀུམ་ན་རིང་པོ་མི་ཐོགས་པར་གུ་འཛིན་སྟོངས་པར་འགྱུར་རོ། ། གལ་ཏེ་དེ་ལྟ་ན་སྒོ་ཚོད་ཅིག། དེ་ནས་གཞོན་ནུ་དེ་རྣམས་རང་གི་སྲིང་མོ་ཁྲིད་ནས་མཐར་གྱིས་རི་བོ་གངས་རི་དང་ཉེ་བ་ཆུབ
127a2 སྐལ་ལྡན་ཤིང་རྟའི་འགྲམ་ན། དྲང་སྲོང་སེར་སྐྱའི་བསྟི་གནས་དང་ཧ་ཅང་མི་རིང་བ་ཞིག་ཏུ་ཕྱིན་ནས་དེ་རྣམས་ཀྱིས་དེར་ལོ་མའི་སྤྱིལ་བུ་དག་བྱས་ཏེ། གནས་བཏབ་ནས་རི་དག་མ་བསད་ཅིང་བསད་ནས་འཚོ་བ་བྱེད་ཅིང་དུས་གསུམ་དུ་དྲང་སྲོང
127a3 སེར་སྐྱའི་བསྟི་གནས་སུ་འདོང་པར་བྱེད་དོ། ། ལང་ཅོ་དང་དར་ལ་བབ་པའི་དྲེགས་པས་ཟིན་པས་འདོད་ཆགས་ཀྱིས་ཤིན་ཏུ་ཉེན་ཏོ། ཤ་བྲིང་ན་བ་སྐྱ་བོ་བ་སང་བ་སང་པོར་གྱུར་ཏོ།། ཇི་ཙམ་དུ་གཞན་ཞིག་ན་དྲང་སྲོང་སེར་སྐྱས་དེ་ལྟ་བུ་མཐོང་ནས
127a4 དྲིས་པ། ཁྱེད་ཅག་ཅིའི་ཕྱིར་སྐྱེ་བོ་བསང་བ་སང་པོར་གྱུར། དེ་རྣམས་ཀྱིས་སྨྲས་པ། དྲང་སྲོང་ཆེན་པོ་བདག་ཅགའདོད་ཆགས་ཀྱིས་ཤིན་དུ་ཉེན་པས་སོ།། དེས་སྨྲས་པ་རང་རང་གི་སྲིད་མོ་སྤོངས་ལ་མས་དབྱེན་གྱི་སྲང་མོ་རྣམས
127a5 དང་ལྷན་ཅིག་འདུག་ཤིག། དྲང་སྲོང་ཆེན་པོ་བདག་ཅག་གིས་དེ་ལྟ་བུ་བགྱི་རུང་ངམ། ཤེས་ལྡན་དག་རྒྱལ་རིགས་རྒྱལ་སྲིད་སྟོང་མ་རྣམས་ཀྱིས་རུང་ངོ་།། དེ་ནས་དེ་རྣམས་དྲང་སྲོང་གི་ཚིག་ནི་ཚད་མ་ཡིན་ནོ་སྙམ་ནས་འདོད་པའི་འདོད་ཆགས
127a6 ཀྱིས་ཉེན་པས་དགའ་བ་དང་མགུ་བ་སྐྱེས་ཏེ། མས་དབྱེན་གྱི་སྲིང་མོ་རྣམས་དང་ལྷན་ཅིག་རྩེ་བར་བྱེད་དགའ་བར་བྱེད།། དགའ་མགུར་སྤྱོད་པར་བྱེའོ།། དེ་རྣམས་དང་དེ་ག་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་ན་བུ་པོ་དང་། བུ་མོ་དག་བཙས་ཏེ་དེ
127a7 རྣམས་ཆེན་པོར་གྱུར་པ་དང་། བསམ་གཏན་གྱི་ཚོར་མ་ནི་སྒྲ་ཡིན་པས་དྲང་སྲོང་སེར་སྐྱ་སེམས་རྩེ་གཅིག་པ་ཉིད་ཏུ་མ་བཏུབ་ནས་ཤེས་ལྡན་དག་མཐོང་ཟིན་གྱིས་ཁོ་བོ་གཞན་དུ་འགྲོའོ།། དྲང་སྲོང་ཆེན་པོ་ཅིའི་ཕྱིར། བསམ་གཏན་གྱི་ཆེར
127a8 མ་ནི་སྒྲ་ཡིན་པས་སེམས་རྩེ་གཅིག་པ་ཉིད་དུ་མ་བཏུབ་པས་སོ། ། དྲང་སྲོང་ཆེན་པོ་ཁྱོད་འདི་ཉིད་ན་བཞུགས་ཤིག། བདག་ཅག་གཞན་དུ་མཆི་ན། འོན་ཀྱང་སའི་ཕྱོགས་ཤིག་བདག་ཅག་ལ་ཕོབ་ཤིག། ཤེས་ལྡན་དག་རུང་ངོ་།། དྲང་སྲོང་བདག་ཉིད
iiif viewer powered by OpenSeadragon
126b - 127b