e-texts navigator
Collection
Volume
Page
Wylie

332b1 གྱིས་ཀྱང་བརྡུང་བར་བྱ།། མཚན་ཉིད་ཐམས་ཅད་རྫོགས་པ་དང་།། གྲཝ་བདུན་གྱིས་ན་བརྒྱན་པར་བྱ།། རྒྱལ་པོ་གང་མ་ཡུལ་འཁོར་དུ།། གཎ་ཎི་དེ་ན་གྲག་གྱུར་པ།། དེར་ནི་དཔལ་དང་གྲགས་པ་དང་།། འདོད་པ་དང་ནི་ལོ་ཁྲ།
332b2 ཕ་རོལ་དཔུང་གིས་འཇིགས་མེད་ཅིང་།། འབྲུ་རྣམས་ཀྱང་ནི་ཉམས་མི་འགྱུར།། སངས་རྒྱས་བྱིན་བརླབས་འབྱོར་པ་ཡིས།། དེར་ནི་བདུད་རྣམས་འདུལ་བར་འགྱུར།། ཆོས་ཀྱི་ཛིན་སྲིད་རྩེར་བཅས།། ཀུན་ནས་རབ་ཏུ་གསོ་བར
332b3 འགྱུར། དམྱལ་དང་ཡི་དགས་འཇིག་རྟེན་རྣམས།། འཇིག་པར་འགྱུར་བར་ཐེ་ཚོམ་མེད།། ཐམས་ཅད་སངས་རྒྱས་རྟག་དང་ཅིང་།། ཐམས་ཅད་ཆོས་ལ་གཞོལ་བར་འགྱུར།། དེས་ནི་དགེ་འདུན་འདུལ་བར་ལྡན།། མཁས་པ་རྣམས་ཀྱང
332b4 འཕེལ་བར་འགྱུར། ། འདོད་ཆགས་ཞེ་སྡང་གཏི་མུག་རྣམས།། དེར་ནི་ནུབ་པར་འགྱུར་བ་ཡིན།། རྒྱལ་པོ་ཚེ་རིང་ཆོས་ལྡན་ཞིང་།། བདེ་བ་དག་དང་ལྡན་པར་འགྱུར།། རྒྱལ་པོ་གཙུག་ལག་ཁང་ཀུན་དུ།། ཆོས་ཀྱི་རྔནནི་བརྡུངས་པ་ཡིས།། སྒྲ།
332b5 ནི་གང་གི་རྣ་བ་ཡི།། ལམ་དག་ཏུ་ནི་གྲག་གྱུར་ཅིང་།། དུས་བཞི་དག་ཏུ་ཐོས་པ་ནི།། དེ་རྣམས་བྱང་ཆུབ་ཐོབ་པར་འགྱུར།། གང་ཞིག་སྙིང་ནས་ཡིད་རང་བ།། དེ་ནི་གྲོལ་འགྱུར་ཐེ་ཚོམ་མེད།། གཎ་ཌིའི་མེད་ནི་ལན་ཅིག་ཐོས།། མི་སྐྱེ་བདུན།
332b6 པར་འགྱུར།། གང་ན་མདོ་སྡེའི་མཆོག་འདི་གནས།། ཡུལ་འཁོར་དེར་ཡང་འབྱོར་པར་འགྱུར།། དུས་ཀུན་དུ་ནི་གནས་པ་དང་། ཀློག་གམ་ཡང་ན་མཆོད་པར་བྱེད།། འདི་ནི་ཡིད་ལ་འཛིན་བྱེད་པ།། སྡིག་པ་ལས་ནི་གྲོལ་བར་འགྱུར།།
332b7 བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། རྒྱལ་པོ་གསལ་རྒྱལ་བཅོམ་ལྡན་འདས་ལ་ཡང་དང་ཡང་དུ་ཕྱག་བྱས་ནས་སོང་ངོ་དེ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཐམས་ཅད་དང་ལྡན་པའི་འཁོར་དེ
332b8 དང་། ལྷ་དང་། མི་དང་། ལཱ་མ་ཡིན་དང་། ནམ་མཁའ་ལྡིང་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། ག་ཎ་ཌིའི་མདི་རྫོགས་སྷོ།།




iiif viewer powered by OpenSeadragon

332a - 333a

Texts on this page

Q964 - gaN DI'i mdo