| | e-texts navigator
|
331b1 བྱེད་པ་དང་། དུས་མ་ཡིན་པར་འཆི་བ་དང་། རིམས་ལ་སོགས་པ་ཞི་བར་བྱེད་པ། ཕ་རོལ་གྱི་དཔུད་འདུལ་བར་བྱེད་པ། བདུད་རྣམ་པར་འཇིག་པར་བྱེད་པ། གདུང་བ་སེལ་བར་བྱེད་པ། སྐལ་པ་བཟང་པོ་ཡང་དག་པར
331b2 འཕེལ་བར་བྱེད་པ། ཚེ་དང་ནད་མེད་པ་སྟེར་བར་བྱེད་པ། འཆི་བའི་འཇིགས་པ་ཞི་བར་བྱེད་པ། ཐར་པ་དང་དཔལ་འཕེལ་བར་བྱེད་པ། གང་གིས་ཐོས་ནས་རྗེས་སུ་ཡིད་རང་བ་དེ་ལ་ཡིད་བཞིན་གྱི་ནོར་བུ་ལྟར་འབྲས་བུ་རབ་ཏུ
331b3 སྟེར་བ། ཡུམ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་གཎ་ཌིའི་གཟུགས་ཀྱིས་བཞུགས་སོ་ཞེས་ཐོས་པ་དང་། གསལ་རྒྱལ་སེམས་དད་པ་སྐྱེས་ནས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འདི་མེད
331b4 ནི་ཇི་ཙམ་ལགས། མདོག་ནི་ཅི་འདྲ་བ་ལགས། བྱེ་བྲག་ནི་དྲི་ཞིག་ལགས། རྡུང་བ་ནི་ཅི་ལྟ་བ་ལགས། གང་གིས་རྡུང་བར་བགྱི། གང་གི་ཚེ་གང་གི་དུས་ན་ཇི་སྲིད་དུ་བརྡུད་པར་བགྱི། ཇི་ལྟར་གཞག་པར་བགྱི། དེ་སྐད་ཅེས་གསོལ
331b5 པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འབྱོར་པར་འདོད་པས་ཤིང་རྣམས་ནི།། རབ་ཏུ་འབད་དེ་བརྟག་པར་བྱ།། ཙན་དན་བིལ་བ་བ་ལ་ཤ།། ཨ་ཤྭད་ཐ་དང་ཙན་དན་དམར།། རྒྱ་སྟར་ཏ་ལ་ཀིང་ཤུ་ཀ། ཤིང་ཤ་བ་དང་ཏ
331b6 མ་ལ། ཨ་མྲ་སྟར་བུ་སྐྱུ་རུ་ར།། ཏིད་ཏི་ས་ར་ཨ་ཤོ་ཀ། འདི་དག་ཐམས་ཅད་མདན་ཡང་།། འོ་སེལས་ནི་འབད་དེ་བྱ།། རྒྱལ་པོ་འབད་པས་ཐམས་ཅད་དུ།། འདི་དག་མེད་ན་མི་བྱའོ།། ཚད་མེད་ཤིང་མྱ་ངན་ལས་བྱས་དང་།། བརྡུངས
331b7 དང་སྨན་མི་འབྲང་བའོ། ། སངས་རྒྱས་ཡུམ་འདི་བརྡུངས་ན་ནི།། ཡུལ་འཁོར་འཚ་བ་ངེས་པར་ལྷུང་།། གཙུག་ལག་ཁང་དུ་དགེ་སློང་རྣམས།། དེ་བཞིན་གློ་ནི་མི་མཐུན་དང་།། ཉེ་བར་གདུང་བ་འབྲུང་འགྱུར་ཞིང་།། རྣམ་པ་དུ་མར་རྩོད་པར
331b8 འགྱུར། ། མུ་སྟེགས་ཅན་གྱི་དབང་འགྱུར་ཞིང་།། བདུད་ཀྱང་འབྱུང་བར་འགྱུར་བ་ཡིན།། གདུག་པའི་ཀུནི་དུ་མ་ཡིས།། འབྲུ་རྣམས་ཀྱང་ནི་ཉམས་པར་བྱེད།། རྒྱལ་ཁམས་འདིར་མང་སེམས་ཅན་རྣམས།། རྣམ་པར་འཇིག་པ
iiif viewer powered by OpenSeadragon
331a - 332a