e-texts navigator
Collection
Volume
Page
Wylie

301b1 པར་གཟིགས་ཤིང་བཞུགས་སོ། ། དགེ་སློང་དག་གཞན་ཡང་འདི་ན་དགེ་སྦྱོང་ངམ་བྲམ་ཟེ་ལ་ལ་སྔོན་གྱི་མཐའ་དང་ལྡན་པའི་ལྟ་བའི་རྣམ་པ་དག་རབ་དུ་སྤངས་ཤིང་ཕྱི་མའི་མཐའ་དང་ལྡན་པའི་ལྟ་བའི་རྣམ་པ་དག་ཀྱང་རབ་ཏུ་སྤངས
301b2 ནས་ཚེ་འདི་ཉིད་ལ་འདོད་པའི་ཀུན་དུ་སྦྱོར་བ་རབ་ཏུ་སྤངས་ཏེ། རབ་ཏུ་དབེན་པའི་དགའ་བ་ལས་ཡང་དག་པར་འདས་ཤིང་ཟང་ཟིང་མེད་པའི་བདེ་བ་ལས་ཀྱང་ཡང་དག་པར་འདས། སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པའི་ཚེར
301b3 བ་ལས་ཀྱང་ཡང་དག་པར་འདས་ནས། འདི་སྐད་ཅེས་ང་ནི་ཞི་བའོ།། ང་ནི་མྱ་ངན་ལས་འདས་པའོ།། ང་ནི་སྲེད་པ་མེད་པའོ།། ང་ནི་ཉེ་བར་ལེན་པ་མེད་པ་སྟེ། ང་ལ་སྔོན་བདག་ཡོད་པར་གྱུར་པ་དེ་ནི་ད་ལྟར་ངལ་མེད་དོ་ཞེས་ཟེར
301b4 ཏེ། དེ་བཞིན་གཤེགས་པས་དགེ་སྦྱོང་ངམ་བྲམ་ཟེ་གང་སྔོན་གྱི་མཐའ་དང་ལྡན་པའི་ལྟ་བའི་རྣམ་པར་དག་རབ་ཏུ་སྤངས་ཤིང་ཕྱེ་མའི་མཐའ་དང་ལྡན་པའི་ལྟ་བའི་རྣམ་པ་དག་ཀྱང་རབ་ཏུ་སྤངས་ནས་ཚེ་འདི་ཉིད་ལ་འདོད་པའི
301b5 ཀུན་ཏུ་ལྟུང་བ་རབ་ཏུ་སྤངས་ཏེ། རབ་ཏུ་དབེན་པའི་དགའ་བ་ལས་ཡང་དག་པར་འདུས་ཤིང་ཟང་ཟིང་མེད་པའི་བདེ་བ་ལས་ཀྱང་ཡང་དག་པར་འདས། སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པའི་ཚོར་བ་ལས་ཀྱང
301b6 ཡང་དག་པར་འདས་ནས་འདི་སྐད་ཅེས་ང་ནི་ཞི་བའོ། ། ང་ནི་མྱ་ངན་ལས་འདས་པའོ།། ང་ནི་སྲེད་པ་མེད་པའོ།། ང་ནི་ཉེ་བར་ལེན་པ་མེད་པ་སྟེ། ངལ་སྔོན་བདག་ཡོད་པར་གྱུར་པ་དེ་ནི་ད་ལྟར་ངལ་མེད་དོ་ཞེས་ཟེར་བ་དེ་ཡང
301b7 དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། ། དེ་ནི་འདི་ལྟར་རིག་པར་བྱ་སྟེ། ཚེ་དང་ལྡན་པ་དེ་ནི་ཉེ་བར་ལེན་པ་དང་འཐུན་པར་འགྲོ་བའི་ལམ་གང་ཡིན་པ་ལས་ཡང་དག་པར་མ་འདས་པར་རིག་པར་བྱའོ།། དེ་ནི་འདི་ལྟར།
301b8 འདོད་པར་བྱ་སྟེ། ཡང་སྔོན་གྱི་མཐའ་དང་ལྡན་པའི་ལྟ་བའི་རྣམ་པ་གང་ཡིན་པ་དག་ཉེ་བར་ལེན་པར་འགྱུར་བ་དང་། ཕྱི་མའི་མཐའ་དང་ལྡན་པའི་ལྟ་བའི་རྣམ་པ་དག་ཀྱང་ཉེ་བར་ལེན་པར་འགྱུར་བ་དང་།། ཚེ་འདི་ཉིད་ལ




iiif viewer powered by OpenSeadragon

301a - 302a

Texts on this page

Q960 - mdo chen po lnga gsum pa zhes bya ba