e-texts navigator
Collection
Volume
Page
Wylie

300b1 བར་འབྱུང་བ་ཡིན་ཏེ། འདི་ལྟར་འདུ་བྱེད་རྣམས་ཡོད་ན་འདུ་བྱེད་རྣམས་ཀྱིས་འགོག་པ་ཡོད་པས་ན་དེ་བཞིན་གཤེགས་པས་དེ་ཡོད་པར་ཐུགས་སུ་ཆུད་ནས་དེ་ལས་ཕྱིར་ལྡོག་ཅིང་དེ་ལ་ཞི་བར་གཟིགས་ངེས་པར་འབྱུང་བར་གཟིགས
300b2 ཤིང་བཞུགས་སོ། ། དགེ་སློང་དག་གཞན་ཡང་འདི་ན་དགེ་སྦྱོང་ངམ་བྲམ་ཟེ་ལ་ལ་སྔོན་གྱི་མཐའ་དང་ལྡན་པའི་ལྟ་བའི་རྣམ་པ་དག་རབ་ཏུ་སྤངས་ཤིང་ཕྱི་མའི་མཐའ་དང་ལྡན་པའི་ལྟ་བའི་རྣམ་པ་དག་ཀྱང་རབ་ཏུ་སྤངས་ཏེ། ཚེ་འདི་ཉིད་ལ་འདོད
300b3 པའི་ཀུན་ཏུ་སྦྱོར་བ་རབ་ཏུ་སྤངས་ཏེ། རབ་ཏུ་དབེན་པའི་དགའ་བ་ལས་ཡང་དག་པར་འདས་ཤིང་ཟང་ཟང་མེད་པའི་བདེ་བ་ལས་ཀྱང་ཡང་དག་པར་འདས་ཏེ། སྡུག་བསྔལ་ཡང་མ་ཡིན་ན་བདེ་བ་ཡང་མ་ཡིན་པའི་ཚོར་བ་ལུས་ཀྱིས་མངོན་སུམ
300b4 དུ་བྱས་ནས་བསྒྲུབས་ཏེ་གནས་ལ། དེ་འདི་སྙམ་དུ་སེམས་ཏེ། འདི་ལྟར་བདག་སྔོན་གྱི་མཐའ་དང་ལྡན་པའི་ལྟ་བའི་རྣམ་པ་དག་རབ་ཏུ་སྤངས་ཤིང་ཕྱི་མའི་མཐའ་དང་ལྡན་པའི་ལྟ་བའི་རྣམ་པ་དག་ཀྱང་རབ་ཏུ་སྤངས་ནས་ཚེ
300b5 འདི་ཉིད་ལ་འདོད་པའི་ཀུན་ཏུ་སྐྱེར་བ་བདུ་སྤངས་ཏེ། རབ་ཏུ་དབེན་པའི་དགའ་བ་ལས་ཡང་དག་པར་འདས་ཤིང་ཟང་ཟིང་མེད་པའི་བདེ་བ་ལས་ཀྱང་ཡང་དག་པར་འདས་ཏེ། སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པའི་ཚོར་བ་ལུས་ཀྱིས།
300b6 མངོན་སུམ་དུ་བྱས་ནས་བསྒྲུབས་ཏེ་གནས་པ་འདི་ལྟ་སྟེ། སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པའི་ཚོང་བ་འདི་ནི་ཞི་བའོ།། འདི་ནི་གྱ་ནོམ་པའོ་སྙམ་དུ་སེམས་ཏེ། དེ་བཞིན་གཤེགས་པས་དགེ་སྦྱོང་ངམ་བྲམ་ཟེ་གང།
300b7 སྔོན་གྱི་མཐའ་དང་ལྡན་པའི་ལྟ་བའི་རྣམ་པ་དག་རབ་ཏུ་སྤངས་ཤིང་ཕྱི་མའི་མཐའ་དང་ལྡན་པའི་ལྟེ་བའི་རྣམ་པ་དག་ཀྱང་རབ་ཏུ་སྤངས་ནས་ཚེ་འདི་ཉིད་ལ་འདོད་པའི་ཀུན་དུ་སྦྱོར་བ་རབ་ཏུ་སྤངས་ཏེ། རབ་ཏུ་དབེན་པའི་དགའ་བ་ལས
300b8 ཡང་དག་པར་འདས་ཤིང་ཟད་ཟིང་མེད་པའི་བདེ་བ་ལས་ཀྱང་ཡང་དག་པར་འདས་ཏེ། སྡུག་བསྔལ་བ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་ལུས་ཀྱིས་མངོན་སུམ་དུ་བྱས་ནས་བསྒྲུབས་ཏེ་གནས་ལ། དེ་འདི་སྙམ་དུ་སེམས་ཏེ།




iiif viewer powered by OpenSeadragon

300a - 301a

Texts on this page

Q960 - mdo chen po lnga gsum pa zhes bya ba