e-texts navigator
Collection
Volume
Page
Wylie

300a1 དབེན་པའི་དགའ་བ་ལས་ཡང་དག་པར་འདས་ཤིང་ཟང་ཟིང་མེད་པའི་བདེ་བ་ལུས་ཀྱིས་མངོན་སུམ་དུ་བྱས་ནས་བསྒྲུབས་ཏེ་གནས་པ་འདི་ལྟ་སྟེ། ཟང་ཟིང་མེད་པའི་བདེ་བ་འདི་ནི་ཞི་བའོ།། འདི་ནི་གྱ་ནོམ་པའོ་སྙམ་དུ་སེམ
300a2 སོ། ། དེ་བཞིན་གཤེགས་པས་དགེ་སྦྱོང་ངམ་བྲམ་ཟེ་གང་སྔོན་གྱི་མཐའ་དང་ལྡན་པའི་ལྟ་བའི་རྣམ་པ་དག་རབ་ཏུ་སྤངས་ཤིང་ཕྱི་མའི་མཐའ་དང་ལྡན་པའི་ལྟ་བའི་རྣམ་པ་དག་ཀྱང་རབ་ཏུ་སྤངས་ནས་ཚེ་འདི་ཉིད་ལ་འདོད་པའི་ཀུན་དུ
300a3 སྦྱོར་བ་རབ་ཏུ་སྤངས་ཏེ། རབ་ཏུ་དབེན་པའི་དགའ་བ་ལས་ཡང་དག་པར་འདས་ཤིང་། ཟང་ཟིང་མེད་པའི་བདེ་བ་ལུས་ཀྱིས་མངོན་སུམ་དུ་བྱས་ནས་བསྒྲུབས་ཏེ་གནས་ལ། འདི་སྙམ་དུ་སེམས་ཏེ། འདི་ལྟར་བདག་སྔོན་གྱི་མཐའ་ད
300a4 ལྡན་པའི་ལྟ་བའི་རྣམ་པ་དག་རབ་ཏུ་སྤངས་ཤིང་། ཕྱི་མའི་མཐའ་དང་ལྡན་པའི་ལྟ་བའི་རྣམ་པ་དག་ཀྱང་རབ་ཏུ་སྤངས་ནས་ཚེ་འདི་ཉིད་ལ་འདོད་པའི་ཀུན་དུ་སྦྱོར་བ་རབ་ཏུ་སྤངས་ཏེ། རབ་ཏུ་དབེན་པའི་དགའ་བ་ལས་ཡང་དག་པར
300a5 འདས་ཤིང་ཟང་ཟིང་མེད་པའི་བདེ་བ་ལུས་ཀྱིས་མངོན་སུམ་དུ་བྱས་ནས་བསྒྲུབས་སྟེ་གནས་པ། འདི་ལྟ་སྟེ། ཟང་ཟིང་མེད་པའི་བདེ་བ་འདི་ནི་ཞི་བའོ།། འདི་ནི་གྱ་ནོམ་པའོ་སྙམ་དུ་སེམས་པ་དེ་ཡང་ཡང་དག་པ་ཇི་ལྟ་བ
300a6 བཞིན་དུ་རབ་ཏུ་མཁྱེན་ཏོ། ། དགེ་སློང་དག་ཟང་ཟིང་མེད་པའི་བདེ་བ་ཡང་མི་རྟག་པ་དང་། འགོག་པའི་ཆོས་ཅན་ཡིན་ཏེ། ཟང་ཟིང་མེད་པའི་བདེ་བ་འགགས་པ་ལས་སྡུག་བསྔལ་འབྱུང་བར་འགྱུར་ལ། སྡུག་བསྔལ
300a7 འགགས་པ་ལས་ཀྱང་ཟངད་ཟིང་མེད་པའི་བདེ་བ་འབྱུང་བར་འགྱུར་ཏེ། དགེ་སློང་དག་འདི་ལྟ་སྟེ། དཔེར་ན་འོང་བའི་ཆུ་ནི་ལན་འགའ་འབྲི་ཞིང་ལན་འགའ་སྐྱེ་བར་འགྱུར་རོ།། དེ་བཞིན་དུ་ཟང་ཟིང་མེད་པའི་བདེ་བ་འགགས་པ
300a8 ལས་ཀྱང་སྡུག་བསྔལ་འབྱུང་བར་འགྱུར་ལ། སྡུག་བསྔལ་འགགས་པ་ལས་ཀྱང་ཟང་ཟིང་མེད་པའི་བདེ་བ་འབྱུང་བར་འགྱུར་ཏེ། དགེ་སློང་དག་དེ་ཡང་རགས་པ། འདུས་བྱས་པ། བསམས་པ། རྟེན་ཅིང་འབྲེལ




iiif viewer powered by OpenSeadragon

299b - 300b

Texts on this page

Q960 - mdo chen po lnga gsum pa zhes bya ba