e-texts navigator
Collection
Volume
Page
Wylie

297b1 ཤེས་མེད་འདུ་ཤེས་མེད་མིན་སྐྱེམཆེད་དུ་ཉེ་པར་འགྲ་ཞིང་གསནལ་འདུག་ཏེ། འཚོ་ནང་སྡོང་བར་འགྱུར་བ་དེ་སྲིད་དུ་ན་དང་བནས། འབྲས་དང་བཅས། ཟུག་དྲུདང་ཅས། རིམས་དང་བཅས། ཡོངས་སུ་གདུང་བ་དང་བཅད་པ་མེན།
297b2 གྱི། ཇི་ཙམ་དུ་བདག་འདི་ཤི་བན་ཆད་ཆད་ཅིང་ཞིག་ལ་མི་འབྱུང་བ་དེ་ཙམ་དུ་བདག་འདི་ཡང་དག་པར་ཤིན་དུ་ལེགས་པར་ཆད་པ་ཡིན་ནོ་སྙམ་དུ་སེམས་པ་དེ་དག་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ།། དགེ་སློང་དག་དགེ་སྦྱོང
297b3 དང་བྲམ་ཟེ་ཤེས་པ་དང་ལྡན་པ་དང་། ཆད་པར་སྨྲ་བ། སེམས་ཅན་ཡོད་པ་ལ་ཆད་པ་དང་། འཇིགས་པ་དང་། མེད་པར་འདོགས་པར་བྱེད་པ་དེ་དག་ལ་ནི་མི་ཤེས་པའི་ཕུང་པོའི་ལྷག་མ་ཡོད་དོ།། ཇི་ཙམ་དུ་མི་ཤེས་པའི་བང་པོའི་ལྷག་ས་ཡང
297b4 པདེ་ཙམ་དུ་འཇིག་ཚོགས་ཀྱིས་འཇིག་པ་ཡོད་པས་འཇིག་ཚོགས་ཀྱིས་འཇིགས་ཤིང་སྐྲག་ཏེ། འཇིགས་ཚོགས་ཁོ་ན་ལ་ཡོངས་སུ་སྤྱོད་པར་བྱེད་ཅིང་ཡོངས་སུ་སྤྱོད་པར་བྱེད་པ་དེའི་ཚེ་དེ་དག་འཇིག་ཚོགས་ཁོ་ན་ལ་རྗེས་སུ་ཆགས་པ
297b5 ཡིན་ནོ། ། དགེ་སློང་དག་དེ་ཡང་རགས་པ། འདུས་བྱས་པ། བསམས་པ། རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་ཏེ། འདི་ལྟར་འདུ་བྱེད་རྣམས་ཡོད་ན་འདུ་བྱེད་རྣམས་ཀྱི་འགོག་པ་ཡང་ཡོད་པས་ན་དེ་བཞིན་གཤེགས་པས་དེ་ཡོད་པར་ཐུགས
297b6 སུ་རུང་ནས་དེ་ལས་ཕྱིར་ལྡོག་ཅིང་། དེ་ལ་ཞི་བར་གཟིགས་ངེས་པར་འབྱུང་བར་གཟིགས་ཤིང་བཞུགས་སོ།། དེགེ་སློང་དག་ཕྱི་མའི་མཐར་རྟོག་པ་དག་ཕྱི་མའི་བཐ་དང་ལྡན་པའི་ལྟ་བའི་རྣམ་པ་དག་མངོན་པར་རྗོད་པ་མན་པར་རྗོད་པར་བྱེད་པ་ནི་དེ་སྙེད་མེ
297b7 དེ་དག་བྱ་མའི་མཐའ་དང་ལྡན་པའི་ལྟ་བའི་རྣམ་པ་རྣམས་ཤེས་པར་བྱའོ། ། དགེ་སློང་དག་སྔོན་གྱི་མཐར་རྟོག་པ་དག་སྔོན་གྱི་མཐའ་དང་ལྡན་པའི་ལྟ་བའི་རྣམ་པ་དག་མངོན་པར་རྗོད་པ་མངོན་པར་བརྗོད་པར་བྱེད་པ་ཇི་སྙེད་ཡོད་ཅན།
297b8 དགེ་སློང་དག་དགེ་སློང་དང་བྲམ་ཟེ་གང་དག་སྔོན་གྱི་མཐར་རྟོག་པ་དེ་དག་ཁ་ཅིག་བདག་དང་འཇིག་རྟེན་རྟག་པ་དང་། བདག་དང་འཇིག་རྟེན་མི་རྟག་པ་དང་། རྟག་ཀྱང་རྟག་ལ་མི་རྟག་ཀྱང་མི་རྟག་པ་དང་། རྟག་པ་ཡང་མ་ཡིན་མི




iiif viewer powered by OpenSeadragon

297a - 298a

Texts on this page

Q960 - mdo chen po lnga gsum pa zhes bya ba