e-texts navigator
Collection
Volume
Page
Wylie

267b1 ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཆོས་གང་དག་ཡིན་པ་འདི་དག་ལ། རྟག་པ་ཉིད་དམ། བརྟན་པ་ཉིད་དམ། ཐེར་ཟུག་ཉིད་དམ། དེ་བཞིན་ཉིད་དམ། མ་ནོར་བ་དེ་བཞིན་ཉིད་དག་གཞན་པ
267b2 ཡིན་པ་དེ་བཞིན་ཉིད་དམ། ཡང་དག་པ་ཉིད་དམ། བདེན་པ་ཉིད་དམ། དེ་ཁོ་ན་ཉིད་དམ། ཇི་ལྟ་བ་བཞིན་ཉིད་དམ། མ་ནོར་བ་ཉིད་དམ། ཕྱིན་ཅིམ་ལོག་པ་དེ་བཞིན་ཉིད་མེད་དེ། གསོག་ཀྱང་དེ་ཉིད་ཡིན་ལ། གསོབ་ཀྱང
267b3 དེ་ཉིད་ཡིན། སྙིང་པོ་མེད་པ་ཡང་དེ་ཉིད་ཡིན། བརྫུན་པ་ཡང་དེ་ཉིད་ཡིན། སླུ་བར་ཆོས་ཅན་ཀྱང་དེ་ཉིད་ཡིན། བདུད་ཀྱང་དེ་ཉིད་ཡིན། བདུད་ཀྱི་ཡོ་བྱད་ཀྱང་དེ་ཉིད་ཡིན། རོ་ཡང་དེ་ཉིད་ཡིན། རོའི་གཟུགས
267b4 ཀྱང་དེ་ཉིད་ཡིན་པས་དེ་ལ་ནི་མངོན་པར་དགའ་བར་བྱ་བ་འམ། མངོན་པར་བརྗོད་པར་བྱ་བ་འམ། ལྷག་པར་ཆགས་པར་བྱ་བ་འམ། ལྷག་པར་ཆགས་ཤིང་གནས་པར་བྱ་བར་མི་རིགས་ཀྱི། བཅོམ་ལྡན་འདས
267b5 ཀྱིས་གསུངས་པ་འཕགས་པ་འཇིག་རྟེན་ལས་འདས་པ་ནི་བདེན་ནོ་ཞེས་དེ་ལྟར་སོ་སོར་རྟོག་པར་བྱེད་དོ། ། དེས་དེ་ལྟར་ཤེས་ནས་ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བར་འདས་པ་དང་། མ་འོངས་པ་དང་། ད་ལྟར།
267b6 བྱུང་བའི་ཆོས་རྣམས་ནང་དུ་ཡང་དག་པར་རྗེས་སུ་མཐོང་། འབྲས་དང་། ཟུག་རྔུ་དང་། སྡིག་པ་དང་། མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོད་པ་དང་། བདག་མེད་པར་ཡང་དག་པར་རྗེས་སུ་མཐོང་ངོ་།། དེས་ཡིད་ཀྱིས།
267b7 རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཆོས་རྣམས་ནང་དུ་ཡང་དག་པར་རྗེས་སུ་མཐོང་ཞིང་འབྲས་དང་། ཟུག་རྔུ་དང་། སྡིག་པ་དང་། མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་།
267b8 བདག་མེད་པར་ཡང་དག་པར་རྗེས་སུ་མཐོང་བ་ན། དེའི་ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཆོས་དག་ལ་ལོག་པར་མོས་པ་འམ། འདུ་ཤེས་ཕྱིན་ཅི་ལོག་གམ




iiif viewer powered by OpenSeadragon

267a - 268a

Texts on this page

Q954 - mdo chen po sgyu ma'i dra ba zhes bya ba