| | e-texts navigator
|
251b1 རྣམས་ཀྱི་ནང་ན་བླ་ན་མེད་པས་འཚེ་བ་ཡིན་ཞེ་ན། དགེ་སློང་དག་འདི་ལ་འཕགས་པ་ཉན་ཐོས་ལྷག་པའི་ཤེས་རབ་ལ་སྦྱོར་བར་རྗེས་སུ་ཞུགས་པ་ལ་གནས་པ་ནི་བདག་སྔོན་མིག་གིས་རྣམ་པར་ཤེས་པར་བྱ་བའི་གཟུགས།
251b2 ཡིད་བདེ་བའི་གནས་ལྟ་བུ་དག་ལ་ནི་རྗེས་སུ་ཆགས་ཤིང་གནས་པར་གྱུར་ལ། མིག་གིས་རྣམ་པར་ཤེས་པར་བྱ་བའི་གཟུགས་ཡིད་མི་བདེ་བའི་གནས་ལྟ་བུ་དག་ལ་ནི་ཁོང་ཁྲོ་བ་དང་ལྡན་ཞིང་གནས་པར་གྱུར། མིག་གིས་རྣམ
251b3 པར་ཤེས་པར་བྱ་བའི་གཟུགས་བཏང་སྙོམས་ཀྱི་གནས་ལྟ་བུ་དག་ལ་ན་སོ་སོར་བཏགས་པ་མ་ཡིན། སོ་སོར་བརྟགས་པ་མ་ཡིན་པའི་བཏང་སྙོམས་སུ་གནས་པར་འགྱུར་ཏེ། དེ་ལྟར་བདག་ཡུད་རིང་པོ་ནས་འདི་ལ་རྗེས
251b4 སུ་སློབ་ཅིང་རྗེས་སུ་བྱེད་པ་ན་རྒ་བ་དང་། འཆི་བ་ཉམས་སུ་མྱོང་ཞིང་། སྔོན་གྱི་མཐའ་མི་མངོན་པར་གྱུར་པས་བདག་གིས་དེ་ནི་མིག་གིས་རྣམ་པར་ཤེས་པར་བྱ་བའི་གཟུགས་དག་ལ་སྔོན་ཇི་ལྟ་བ་དེ་ལྟར་བསླབ་པར་མི
251b5 བྱ་ཞིང་། བདག་གིས་མིག་གིས་རྣམ་པར་ཤེས་པར་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་གཟུགས་དག་ལ་ལོག་པར་མོས་པ་འམ།། འདུ་ཤེས་ཕྱིན་ཅི་ལོག་གམ་སེམས་ཕྱིན་ཅི་ལོག་གམ། ལྟ་བ་ཕྱིན་ཅི་ལོ།
251b6 དུགྱུར་པ་འདི་ལྟ་སྟེ་བརྣབ་སེམས་ཀྱི་ཚོགས་ཀྱི་མདུད་པ་དང་། གནོད་སེམས་ཀྱི་ཚོགས་ཀྱི་མདུད་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་དང་། འདི་བདེན་ནོ་སྙམ་དུ་མངོན་པར
251b7 ཞེན་ཅང་མཆོག་ཏུ་འཛིན་པའི་ཚོགས་ཀྱི་མདུད་པ་གང་དག་ཡིན་པ་དེ་དག་སྤང་བའི་ཕྱིར་བསླབ་པར་བྱ་ཞིང་དེ་དག་སྤངས་པར་གྱུར་ཅིག་ཅེས་དེ་ལྟར་སོ་སོར་རྟོག་པར་བྱེད་པའི་ཕྱིར་རོ། ། དགེ་སློང་དག་འོན་ཀྱང་འདི་ན་ཁ
251b8 ཅིག་ལ་ནི་མིག་གིས་རྣམ་པར་ཤེས་པར་བྱ་བའི་གཟུགས་དེ་དག་ཉིད་ཡིད་དུ་འོང་བར་འགྱུར་བ། གཞན་དག་ལ་ནི་དེ་དག་ཉིད་ཡིད་དུ་མི་འོང་བར་འགྱུར་བ་ཡང་ཡོད་ལ་དེ་དག་ལ་ཡང་དུས་ལ་ལར་ནི་ཡིད་བདེ་བའི
iiif viewer powered by OpenSeadragon
251a - 252a